སྦྲུམ་ཆགས་ཐོག་མའི་དུས་ཀྱི་བདེ་སྲུང་། བདེ་སྲུང་གི་གཙོ་གནད།
1.རྒྱུ་རྐྱེན་ངན་པས་ཕྲུ་གུར་ཤུགས་རྐྱེན་བཟོ་རྒྱུ་བཀག་འགོག་བྱེད་དགོས། ནད་དུག་མི་འགོས་པའི་ཆེད་དུ་མི་མང་པོ་འདུ་འཛོམས་བྱ་ཡུལ་གྱི་སྤྱི་སྤྱོད་ཁུལ་དུ་འགྲོ་མི་རུང་།
ཞི་མི་དང་ཁྱི་ལ་ལག་པ་འཆང་མི་རུང་ལ་ཉ་ཤ་དང་ཤ་རིགས་མ་བཙོས་པར་ཟ་མི་རུང་།
འཕྲོ་འོད་དང་དུག་ཡོད་པའི་དངོས་ཟོག་ལ་ལག་པ་འཆང་མི་རུང་།
སྨན་རིགས་ཟ་རྒྱུར་གཟབ་ནན་བྱེད་དགོས་ལ་ཐ་མག་དང་ཨ་རག་འཐུང་མི་རུང་།
2.ཟས་ཟ་སྐབས་མང་པོ་མིན་པ་དང་ཐེངས་མང་ཟ་དགོས་པ་དང་། ཞག་ཚི་ཉུང་བ་དང་འཚོ་བཅུད་མང་བའི་ལྟོ་ཆས་ཟ་དགོས། སྐྱུག་པ་སྐྱུག་རྗེས་སླར་ཡང་ལྟོ་ཆས་ཟ་དགོས།
3.ངལ་གསོ་བརྒྱབ་རྒྱུར་དོ་སྣང་བྱས་ཏེ་ཤུགས་ཆེ་བའི་ངལ་རྩོལ་བྱེད་མི་ཆོག ཕྲུ་གུ་ཤོར་རྒྱུ་སྔོན་འགོག་བྱ་ཆེད་ལུས་འབྲེལ་རྩ་ནས་བྱེད་མི་ཆོག
4.ཚ་བ་རྒྱས་པ་དང་། མངལ་ལམ་དམར་པོ་ཆག་པ། སྐྱུག་པ་ཤུགས་ཆེན་སྐྱུག་པ། གསུས་ཁོག་ན་བ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་ཚེ་དུས་ཐོག་སྨན་ཁང་ལ་ཕྱིན་ནས་བརྟག་དཔྱད་བྱེད་དགོས།
5.གཤམ་གསལ་གྱི་གནས་ཚུལ་ཐོན་ཚེ་དུས་ཐོག་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་བྱ་མཁན་སྨན་ཁང་ལ་ཕྱིན་ནས་བློ་འདྲི་བྱེད་དགོས།
(1) ལོ་35ལས་ཆེ་བ།
(2) རྒྱུད་འཛིན་ནད་གཞི་ཡོད་པ།
(3) ཕྲུ་གུ་སྐྱེ་ཤོར་སོགས་ཀྱི་དོན་རྐྱེན་ཡོད་པ།
(4) ཁོག་ནད་ཕྱི་ནད་ཀྱི་ནད་ཚབས་ཆེ་བ།
སྦྲུམ་ཆགས་དུས་འབྲིང་གི་བདེ་སྲུང་། གཙོ་གནད་བདེ་སྲུང་།
1.ཕྲུ་གུ་མ་སྐྱེས་གོང་བརྟག་དཔྱད་བྱ་རྒྱུ་དེ་གཟའ་འཁོར་བཞི་ལ་ཐེངས་གཅིག་བྱེད་དགོས་པ་མ་ཟད་སྦྲུམ་མའི་སློབ་གྲྭར་སློབ་སྦྱོང་བྱེད་པར་འགྲོ་དགོས།
2.བསམ་ཚུལ་དོ་སྙོམས་དགོས་ལ་སེམས་པ་སྐྱིད་པོ་དགོས།
3.གྱོན་གོས་ཆེ་ཙམ་གྱོན་དགོས་པ་དང་སྲིན་བལ་གྱིས་བཟོས་པའི་འོ་ཤུབ་གྱོན་དགོས་པ། ལྷམ་རྟིང་མཐོ་མི་གྱོན་པ། མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས།
4.འཚོ་བཅུད་ཁ་སྣོན་བྱ་རྒྱུར་དོ་སྣང་བྱེད་དགོས་པ་མ་ཟད་རིགས་སྣ་ཚོགས་ཀྱི་འཚོ་བཅུད་ཁ་སྣོན་བྱེད་དགོས།
5.ཟུངས་ཁྲ་ཉམས་རྒྱུ་སྔོན་འགོག་བྱས་ཏེ་འཚོ་བཅུད་ཐའེ་ལྕགས་འདྲེས་པའི་བཟའ་ཆས་ཁ་སྣོན་བྱེད་དགོས།
6.ཕྱི་ཕྱོགས་སུ་འོས་འཚམ་ཞིག་འགྲོ་དགོས་པ་དང་ཁྱོ་ག་དང་མཉམ་དུ་མངལ་ཆགས་ཕྲུ་གུར་སློབ་གསོ་བྱེད་དགོས།