དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་ལས་ཀ་གང་དང་གང་བྱས་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-28

    དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་གཏོང་རྒྱུ་དེ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་བླང་བྱ་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་མི་དམངས་དམངས་གཙོའི་གསར་བརྗེའི་ལས་འགན་གལ་ཆེན་ཞིག་རེད་ལ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མདུན་ལམ་འབའ་ཞིག་དང་རྒྱ་ཆེའི་བོད་མི་དམངས་ཀྱི་དགོས་གཏུགས་ཀྱི་རེ་འདུན་དེ་བས་རེད། 1959ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆེས་རྙིང་རུལ་དང་ཆེས་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་སྟེ་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་རབས་ལས་བརྒལ་བའི་རླབས་ཆེན་འཕོ་འགྱུར་ལེགས་གྲུབ་བྱུང་བས་བོད་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།