དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚལ་རིགས་མི་འདྲ་བར་ལུད་གཅིག་པ་རྒྱག་མི་ཉན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-25

    1.ལོ་མ་ཆེ་བའི་ཚལ་རིགས། ལོ་མ་ཆེ་བའི་ཚལ་རིགས་ཀྱི་གྲས་སུ་པད་ཚལ་ཆེ་བ་དང་། པད་ཚལ་ཆུང་བ། པོའོ་ཚལ། ལོ་སྒོར་པད་ཚལ་སོགས་ལ་ཏན་ལུད་དང་ཁྱིམ་ལུད་འདྲེས་སྦྱོར་བྱས་ཏེ་རྒྱག་དགོས། ཚལ་རིགས་བསྡུ་གྲབས་ཡོད་པའི་དུས་སུ་ལོ་སྒོར་པད་ཚལ་གྱི་རྩ་བར་ལིང་ལུད་འོས་འཚམ་བརྒྱབ་ན་ལོ་མ་མ་རུལ་བའི་ཁྱད་པར་ཆེ།

    2.ཀྭ་རིགས། ཀྭ་རིགས་ཀྱི་ཚལ་རིགས་གྲས་སུ་ནན་ཀྭ་དང་། ཏུང་ཀྭ། ཧོང་ཀྭ་སོགས་ཡོད་པ་དེ་དག་ལ་ལིང་ལུད་དང་ཅཱྰ་ལུད་འདྲེས་སྦྱོར་བྱས་ཏེ་བརྒྱབ་ན་རྡོག་པོ་ཇེ་ཆེར་འགྲོ་བ་དང་ཚལ་རིགས་ཀྱི་བྲོ་བ་ལེགས་སུ་འགྲོ་ཐུབ།

    3.རྩ་བ་མང་བའི་ཚལ་རིགས། རྩ་བ་མང་བའི་ཚལ་རིགས་གྲས་སུ་ལ་ཕུག་དང་། གུང་ལ་ཕུག ཞོག་ཁོག་སོགས་ཡོད་པ་དེ་དག་ལ་ལུད་ནང་གཅིན་རྒྱུ་འོས་འཚམ་འདྲེས་སྦྱོར་བྱས་ཏེ་བརྒྱབ་ན་སོབ་ཏོ་མི་ཆགས་པའི་ཁྱད་པར་ཆེ།

    4.དྲོད་ཁང་ཆེན་མོའི་ནང་གི་ཚལ་རིགས་ལ་ཏན་ལུད་དང་ལིང་ལུད་འདྲེས་སྦྱོར་བྱས་ཏེ་ཉིན་རེ་སྔ་དྲོ་ཆུ་ཚོད་9-10མཚམས་དང་ཕྱི་དྲོ་ཆུ་ཚོད་4-5མཚམས་སུ་ཐེངས་རེ་བརྒྱབ་ན་ཚལ་རིགས་ཀྱི་བྲོ་བ་ལེགས་སུ་འགྲོའོ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།