དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གདན་འབོལ་པོའི་ཐོག་ཉལ་བའི་གོམས་གཤིས་དེ་བཟང་ངམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-12

    སྐེད་པ་དང་སྒལ་པ་ན་བའི་སྣང་ཚུལ་དེ་དེང་རབས་པ་དང་ལུས་དང་གྲིབ་མ་བཞིན་འགྲོགས། ལྷག་དོན་དུ་ཡུན་རིང་གློག་ཀླད་མདུན་དུ་ལས་ཀ་བེད་སྤྱོད་བྱེད་མཁན་ལ་མངོན་གསལ་དོད། ཉིན་མོ་གཞུང་ལས་བྱེད་པའི་གོམས་གཤིས་དང་སྡོད་སྟངས་ཀྱིས་སྐེད་པ་དང་རྒལ་བ་ན་བའི་རྒྱུ་རྐྱེན་གཞན་ཞིག་གིས་དགོང་མོ་ངལ་གསོ་ཡག་པོ་མི་ཐེབས་ཤིང་དེ་ཡང་ཉལ་ཁྲི་དང་འབྲེལ་བ་ཆེན་པོ་ཡོད། ལྷག་དོན་དུ་ཉལ་ཁྲི་འབོལ་དྲགས་ན་དེ་བས་ངལ་གསོ་ཡག་པོ་ཐེབས་ཀྱི་མེད། བྱིས་པ་ཚོ་ཡུན་རིང་གདན་འབོལ་པོའི་ཐོག་ཉལ་ན་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་བཟོ་ཡི་ཡོད། བྱིས་པའི་སྒལ་ཚིགས་སྐྱེ་འཚར་ཡག་པོ་བྱུང་མེད་པའི་རྐྱེན་གྱིས་ཉལ་ཁྲི་འབོལ་པོའི་ཐོག་ཉལ་ན་སྟོད་སྒུར་ཆགས་པའི་ཉེན་ཁ་ཡོད། གཞན་ཡང་གདན་འབོལ་པོའི་ཐོག་ཉལ་ན་རྒན་རྒོན་ཚོར་ཡང་གནོད་པ་སྟེ་སྒལ་ཚིགས་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་པས་ཉལ་ཁྲི་འབོལ་པོ་དང་མཁྲེགས་པོ། ཕྱེད་འབོལ་པོ་བཅས་ཀྱི་ཐོག་ཉལ་མཁན་གྱི་རྒན་རྒོན་ལ་འཕྲོ་ཐིགXཡི་ལྟ་ཞིབ་བྱས་པ་བརྒྱུད་གདན་འབོལ་པོའི་ཐོག་ཉལ་མཁན་གྱི་རྒན་རྒོན་ཚོའི་སྒལ་ཚིགས་གཞན་ལས་འཁྱོག་པ་ཡོད། དེས་ན་རྒན་རྒོན་དང་བྱིས་པ་གང་གིས་ཀྱང་གདན་འབོལ་ལོས་རན་པའི་སྟེང་ཉལ་རྒྱུ་གལ་འགངས་ཆེའོ།      བོད་ལྗོངས་ཚན་རྩལ་ཚགས་པར་ལས་བཏུས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།