དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྱུགས་རིགས་རྒྱགས་གསོ་བྱེད་སྐབས་སྦང་མ་སྟེར་ན་ལེགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-02

    སྦང་མ་ནི་ཆང་བསྙལ་བའི་འབྲུ་སྙིགས་ཡིན་པས། ནང་ན་ཕྱེ་ངེས་ཅན་ཞིག་འདུས་ཡོད་པ་དང་། སྤྲི་དཀར་དཀྱུས་མ་སྣ་མང་འདུས་ཡོད་རྐྱེན་མ་རྨོས་ལོ་ཏོག་གི་འཚོ་བཅུད་འདུས་ཚད་ལས་ལྡབ་གཉིས་ནས་གསུམ་གྱིས་མཐོ་བ་ཡོད་ཅིང་། ལའེ་ཨན་སོན་དང་། ཏན་ཨན་སོན། སི་ཨན་སོན་བཅས་ཀྱི་འདུས་ཚད་ཧ་ཅང་མཐོ། འཚོ་བཅུད་དེ་དག་རྩྭ་སྐྱ་ཡིས་མཁོ་སྤྲོད་བྱེད་མི་ཐུབ། སྦང་མ་ནི་ཆང་ལ་ཕབ་བརྒྱབ་རྗེས་དྲོད་ཚད་མཐོན་པོས་རླངས་བཙོས་བྱས་ཏེ་གྲུབ་པ་ཡིན་པས། ཚི་སྣ་རྩིང་པོའི་འདུས་ཚད་ཅུང་དམའ། གཟན་ཆས་བྱས་ན་ཁ་ལ་ཞིམ་པ་དང་འཇུ་སླ་བའི་ཁྱད་ཆོས་ལྡན་ཡོད།

    ཕྱུགས་རིགས་རྒྱགས་གསོ་རྒྱག་སྐབས་སྦང་མ་ཉིན་20ནས་30ཡས་མས་སྟེར་ན། ཕྱུགས་རིགས་ཀྱི་སྤུ་ཁ་ཇེ་ཡག་དང་ཇེ་འཇམ་དུ་འགྱུར་ཞིང་། སྦང་མས་གསོས་པའི་ཕྱུགས་རིགས་ལ་ཤ་རྒྱུ་བཟང་བ་དང་། ཤ་མདོག་ལེགས་པ། ཚི་སྣ་ཕྲ་བ། ཤ་གནག་ཐོན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།