རྒྱུན་གཏན་འཚོ་བའི་ཁྲོད་དུ་མི་མང་པོ་ཞིག་གིས་ཁ་སྐོམ་ན་མ་གཏོགས་ཆུ་མི་འཐུང་བ་དེ་ནི་ཚན་རིག་དང་མ་མཐུན་པ་ཞིག་རེད། ཆུ་མི་འཐུང་བའི་དུས་ཡུན་རིང་དྲགས་ན་སྐོམ་ཚོར་དབང་པོར“ངལ་དུབ”འབྱུང་ངེས་རེད། དེའི་ཕྱིར། ཁ་མ་སྐོམ་ནའང་ཉིན་རེར་ཆུ་འོས་འཚམ་ཞིག་འཐུང་བའི་གོམས་གཤིས་འཇགས་པ་བྱེད་དགོས།
གསོ་བ་རིག་པ་ལས“ཆུ་ཡིས་ཕོ་སྟོབས་བསྐྱེད་ཅིང་རྩ་ལམ་འབྱེད་པའི”ནུས་པ་ཡོད་ཚུལ་བསྟན་ཡོད། ང་ཚོའི་ཉིན་རེའི་ཟས་རིགས་ནང་ཆུ་ཡོད་མོད། ལུས་ཕུང་ལ་མཁོ་བའི་དགོས་མཁོ་སྐོང་མི་ཐུབ། སྒོས་སུ་གཞོན་ནུ་རྣམས་ནི་ལུས་ཕུང་རྒྱས་པའི་ཐོག འགུལ་སྐྱོད་བྱེད་ཚད་ཀྱང་ཆེ་བས། ཆུ་མང་ཙམ་བཏུང་ནས་གཟུགས་པོའི་ཆུ་ཆ་སྙོམ་སྒྲིག་བྱེད་དགོས།
རྒྱུན་གཏན་གྱི་མི་ཞིག་གིས་ཉིན་རེར་ཆུ་ཧའོ་ཧྲེང་1000(ཕལ་ཆེར་ཤེལ་ཕོར་གསུམ་བཞི་ཙམ)འཐུང་དགོས། རབ་བྱུང་ན་འཐུང་ཐེངས་མང་ཞིང་འཐུང་ཚད་ཉུང་དགོས་པ་ལས། ཐེངས་གཅིག་ལ་མང་དྲགས་པ་དང་མགྱོགས་པོ་འཐུང་མི་རུང་།