དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བྱ་མོས་སྒོ་ང་གཏོང་མང་བའི་དུས་ཡུན་གང་འདྲ་བྱས་ཏེ་རིང་དུ་གཏོང་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-15

    དང་པོ། སྤྲི་དཀར་འདང་ངེས་མཁོ་སྤྲོད་བྱེད་དགོས། བྱ་དེས་སྒོ་ང་རེ་གཏོང་བར་སྤྲི་དཀར་ཁེ12-15བར་དགོས། སྒོ་ང་གཏོང་ཚད་90%ལྡན་པའི་འབྲུ་རིགས་སྟེར་དགོས། སྒོ་ང་གཏོང་ཚད་70%ཟིན་སྐབས་ཉིན་ལྟར་སྤྲི་དཀར་འདུས་ཚད་17%ཟིན་པའི་འབྲུ་རིགས་སྟེར་དགོས། སྤྱིར་ན་སྒོ་ང་གཏོང་ཚད་10%མཐོ་རུ་ཕྱིན་པ་དང་སྦྲགས་ཉིན་རེའི་གཟན་ཆག་ནང་སྤྲི་དཀར་འདུས་ཚད་ཆ་སྙོམས་10%མཐོ་རུ་གཏོང་དགོས། གཉིས་པ། སྔོ་གཟན་ཁ་གསབ་བྱེད་དགོས། སྔོ་གཟན་ཁྲོད་སྤྲི་དཀར་དང་འཚོ་རྒྱུ་ཧ་ཅང་ཕུན་སུམ་ཚོགས་པོ་ལྡན་ཡོད་པས་སྔོ་གཟན་འོས་འཚམ་སྟེར་ན་སྒོ་ང་མང་པོ་གཏོང་རྒྱུར་ཕན་ཐོགས་ཡོད། གསུམ་པ། ཀལ་རྒྱུ་ཁ་གསབ་བྱེད་དགོས། ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར་ཉིན་རེའི་ཆུ་ཚོད་12ནས་ཆུ་ཚོད་18བར་བྱ་དེར་ཀལ་རྒྱུ་ལྡན་པའི་གཟན་ཆག་སྟེར་ན་ཕན་ནུས་ལེགས་པོ་ཐོན་གྱི་ཡོད། གཟན་ཆག་ནང་ཀལ་རྒྱུ་བསྣན་པ་ཕུད་བྱ་ཚང་ནང་དང་བྱ་དེ་འགུལ་སྐྱོད་བྱེད་སར་ཉ་ཕིབས་དང་རུས་ཕྱེ་གཏོར་ནས་བྱ་དེར་བཟའ་རུ་འཇུག་དགོས། བཞི་པ། སྦྱོར་རྟ་བེད་སྤྱོད་གཏོང་མཁས་པོ་བྱེད་དགོས། སོ་ཀྲར་སྟེར་ན་སྒོ་ང་གཏོང་ཚད་མང་དུ་འགྲོ་བ་མ་ཟད་སྒོ་ང་ཆག་རྒྱུ་སྔོན་འགོག་ཐུབ། ལྔ་པ། གློ་བུར་ཐོག་རྒྱག་གི་གནས་ཚུལ་མི་ལྷག་པ་བྱེད་དགོས། སྒོང་བྱས་ཁོར་ཡུག་ལ་འཚོར་སྣང་ཧ་ཅང་སྐྱེན་པོ་ཡོད་པས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ན་སྒོ་ང་གཏོང་ཚད་ཀྱང་གློ་བུར་དུ་ཆག་གི་ཡོད། དེས་སྒོ་ང་གཏོང་ཚད་མང་བའི་སྐབས་སུ་གློ་བུར་གྱི་དོན་དག་བརྩམས་རྒྱུ་མེད། དྲུག་པ། བྱ་མོས་སྒོ་ང་གཏོང་མང་བའི་སྐབས་སུ་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་ཤིང་ནད་རིམས་སྣ་ཚོགས་མི་འགོས་པ་བྱེད་དགོས་པ་བཅས་སོ།

    བོད་ལྗོངས་ཚན་རྩལ་ཚགས་པར་ལས་བཏུས། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།