དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཇ་ལོས་བ་གླང་གི་ནད་བཅོས་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།​   |     སྤེལ་དུས།  2015-02-15

    དང་པོ། བ་གླང་གིས་གཟན་རྩྭ་ཟོས་མང་དྲགས་པས་གྲོད་པ་སྐྲངས་པའི་སྐབས་ཇ་ལོ་དང་ཡི་ཙེ་ཞིབ་པོར་བཙབས་ནས་འཕོངས་རྐུབ་ནང་བླུག་ན་དོས་དྲག་རང་བཞིན་གྱི་བཙོག་པ་འབུད་པ་དང་སྐྲང་སྦོས་སེལ་གྱི་ཡོད། ཡང་ན་ཇ་ལོ་དང་ལ་ཕུག་སོན་གྱི་ཤུན་ལྤགས་སྐོག་ཟིན་པ་སོ་སོར་ཁེ་250ལྡི་བའི་གར་ཁུ་ཐེངས་གཅིག་ལ་སྟེར་དགོས།

    གཉིས་པ། རྨོད་གླང་ངལ་དུབ་ཚད་ལས་བརྒལ་བའམ་ལུས་ཕྱིའི་རྨས་སྐྱོན་གྱིས་ཆགས་པའིསྨུག་ནད་ལ་ཇ་ལོར་ཏེ་ལོ་དང་སྒོག་ཆེན། པོའོ་ཧོའོ་བསྲེས་ནས་ཆུ་ལ་ལྡིར་རྗེས་རྨ་ཁ་འཁྲུད་དགོས། ཡང་ན་ཇ་ལོ་ཁེ་60དང་བུ་རམ་ཁེ་250ལ་ཆུ་འོས་འཚམ་བླུགས་ཏེ་ལྡི་རྗེས་སྟེར་དགོས་ཤིང་ཉིན་ལྟར་ཐེངས་1དང་བསྟུད་མར་ཉིན་3-4སྟེར་དགོས།

    གསུམ་པ། བ་གླང་ལ་ཆམ་ནད་ཕོག་པའི་སྐབས་ཇ་ལོ་ཁེ་15དང་བུ་རམ་ཁེ་60 ལྒ་སྐྱ་ཁེ་30 ཨེ་མ་ཁེ་4བཅས་ལྡི་རྗེས་བསྟེར་ན་དྲག་སྐྱེས་ཡོང་ཐུབ།  བོད་ལྗོངས་ཚན་རྩལ་ཚགས་པར་ལས་བཏུས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།