ཟླ་12ཚེས་27ཉིན་སྣེའུ་ཆ་ཚང་སློབ་ཆུང་དུ་སྤྱི་ཚོགས་ཐོག་གི་བྱམས་སེམས་ཚོགས་པ་སྟེ་འཁོར་བ་དང་བླངས་ཚོགས་པས་མ་དངུལ་གྲབས་གསོག་བྱས་ནས་སྣེའུ་ཆ་ཚང་སློབ་ཆུང་གི་སློབ་མ་མི་རེ་ངོ་རེར་༼དག་ཡིག་གསར་སྒྲིག༽ཞལ་འདེབས་ཕུལ་ཡོད།འཁོར་བ་དང་བླངས་ཚོགས་པའི་ཚོགས་གཙོས་གསར་འགོད་པར་གསུངས་དོན་ང་ཚོའི་ཚོགས་པས་ལྗོངས་ཡོངས་ཀྱི་སློབ་ཆུང་སློབ་མ་རྣམས་ལ་༼དག་ཡིག་གསར་སྒྲིག༽རེ་ཞལ་འདེབས་བརྒྱབ་ཐུབ་རྒྱུའི་འདུན་པ་ཡོད།ང་ཚོའི་རེ་བར་ཡང་སྤྱི་ཚོགས་ཐོག་གི་སློབ་གསོ་ལ་མཐོང་ཆེན་གནང་མཁན་དང་དོ་འཁུར་གནང་མཁན།དེ་བཞིན་བྱམས་སེམས་ཆེ་བའི་མི་ཚོས་༼དག་ཡིག་གསར་སྒྲིག༽གི་དཔེ་དེབ་དེ་ཞལ་འདེབས་གནང་རྒྱུའི་འདུན་པ་ཆེ།དུས་མཚུངས་༼དག་ཡིག་གསར་སྒྲིག༽དཔེ་དེབ་དེས་སློབ་མ་རྣམས་ལ་ཕན་པ་ཐོགས་རྒྱུའི་རེ་བ་ཡང་ཡོད་ཅེས་གསུངས་གནང་བྱུང་།
འདི་ནི་འཁོར་བ་དང་བླངས་ཚོགས་པས་སྣེའུ་ཆ་ཚང་སློབ་ཆུང་གི་སློབ་མ་རྣམས་ལ་དག་ཡིག་གསར་སྒྲིག་སྤྲོད་པའི་གནས་ཚུལ་ཡིན་པ།