དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གླིང་བུའི་འབྱུང་ཚུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    གླིང་བུ་ནི་གནའ་བོའི་འབུད་གཏོང་རོལ་ཆའི་གྲས་ཤིག་ཡིན།གླིང་བུ་ནི་ཀྲུང་གོར་དར་བ་ཡིན།ཀྲོའུ་རྒྱལ་རབས་དུས་སུ་སྨྱུག་མ་ལས་གྲུབ་པ་གང་ཞིག་འཕྲེད་དུ་དཀྲོལ་བའི་རོལ་མོའི་རིགས་ཁྲིའི་ཞེས་པ་ཞིག་ཡོད།ངག་རྒྱུན་དུ་ལུག་རྫི་ཞིག་གིས་ལས་ཀ་བྱེད་རྒྱུ་མེད་པར་སྡོད་དུས་ཁོས་སྨྱུག་མ་སྤྱད་དེ་ཁྲིའི་བཟོས་པ་དེ་ནི་ཆེས་སྔ་མོའི་གླིང་བུ་ཡིན།སྙན་ངག་གི་གཞུང་ནང་ཚན་ཧོ་རེན་སི་ལས་གཅེན་པོས་ཨི་ཁུང་སྟེ་ཚིགས་ཡོད་པའི་རོལ་ཆར་དཀྲོལ་བ་དང་།གཅུང་པོས་སྨུག་མ་ལས་གྲུབ་པའི་རོལ་ཆ་ཁྲིའི་དཀྲོལ་ཞེས་པའི་ཚིག་དུམ་ཞིག་ཡོད་པ་དེས་གཅེན་གཅུང་གཉིས་ཀྱིས་སོ་ནམ་བྱེད་པའི་དོན་རྣམས་སྨྱུག་མ་ལས་བཟོས་པའི་རོལ་ཆ་དཀྲོལ་ནས་མཚོན་པར་བྱེད་ཀྱི་ཡོད།ད་དུང་ཀྲོའུ་རྒྱལ་རབས་དུས་སྨྱུག་མས་བཟོས་པའི་གཞུང་དཀྲོལ་གཞུང་གླིང་ཞེས་པ་ཞིག་ཀྱང་ཡོད།དེར་གླིང་བུའི་ཚིགས་ལྔ་ཡོད།ཧན་རྒྱལ་རབས་གོང་མ་ཧན་འུ་ཏིས་སྐབས་ཀྲང་ཆན་ནུབ་ཕྱོགས་སུ་བསྐྱོད་རྗེས་ཤིན་ཅང་དང་།ཨེ་ཤི་ཡ་དཀྱིལ་མའི་མངའ་ཁོངས་སུ་འཕྲེད་གླིང་དར་ཡོད།དེ་ནི་ད་ལྟའི་གླིང་བུའི་གཟུགས་སྔ་ཤོས་དེ་ཡིན།ཧན་རྒྱལ་རབས་ནས་དེང་དུས་བར་གླིང་བུ་ནི་ཀྲུང་གོའི་དམངས་ཁྲོད་དུ་ཡོངས་ཁྱབ་དུ་དར་ཡོད།དེ་རྒྱུ་ཆ་སྣ་ཚོགས་ལས་གྲུབ་ཡོད་དེ་།སྨྱུག་མའི་གླིང་བུ།ཤིང་གི་གླིང་བུ།ལྕགས་ཀྱི་གླིང་བུ་ཐ་ན་གཡང་ཊིའི་གླིང་བུ་དང་སྤོས་འགྱིག་ལས་བཟོས་པའི་གླིང་བུ་ཡང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།