དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བྱི་རིམས་སྔོན་འགོག་གང་འདྲ་བྱ་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    བྱི་རིམས་ནི་མིའི་རིགས་ལ་གནོད་འཚེའི་རང་བཞིན་ཤིན་ཏུ་ཆེ་བའི་རིམས་ནད་ཅིག་ཡིན་པས་མི་ཚོས་ནད་གཞི་དེ་སྔོན་འགོག་བྱ་རྒྱུ་དེ་ནི་ནད་དེ་སྨན་བཅོས་བྱེད་པའི་གལ་ཆེའི་བྱ་ཐབས་ཡིན།བྱི་རིམས་འགོག་བཅོས་བྱེད་པར་གཤམ་གསལ་གྱི་བྱ་ཐབས་ཁག་གསུམ་བརྒྱུད་དགོས་པ་སྟེ།

    ༡  ཁོར་ཡུག་གི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་ནས་འགོ་འཛུགས་དགོས་ཤིང་ཁང་པའི་ཕྱི་ནང་དུ་ཕན་མེད་ཟོག་རོ་ཕུང་གསོག་བརྒྱབ་རྒྱུ་མེད་པ་དང་།དངོས་ཟོག་རིགས་རྩིག་པ་རྒྱག་སྐབས་འཇོག་གདན་མཐོ་ཙམ་བྱེད་པ་དང་ཅ་དངོས་གྱང་ལ་བསྙེས་རྒྱུ་མེད་པ།གྲལ་བསྟར་སྒྲིག་པོ་འཇོག་དགོས།དེ་འདྲ་བྱ་ན་བྱི་བའི་རིགས་གབ་སྡོད་བྱེད་གནས་མེད་པར་གྱུར་ཏེ་ནད་གཞི་འགྲེམས་པའི་ཁོམ་པ་ཉུང་དུ་གཏོང་ཐུབ།ལྷག་པར་དུ་ཐབ་ཚང་དང་ཉལ་ཁང་ནང་གི་སྒོ་དང་སྒེའུ་ཁུང་བཙན་པོ་བཟོས་ཏེ་བྱི་བ་འཛུལ་གནས་མེད་པ་བཟོ་དགོས།

    ༢  བྱི་རིམས་ཁྱབ་པའི་ནམ་དུས་སམ་འགོ་ཁྱབ་བྱེད་སྐབས་སུ་ནད་འགོག་ནུས་པ་སྐྱོ་བའི་མི་ཚོགས་ལ་རིམས་འགོག་སྨན་སོན་འཛུགས་དགོས་པ་དང་ལྷག་པར་དུ་ཁྱི་ར་བ་དང་པགས་འཚོང་རྒྱག་མཁན།པགས་པ་ལས་སྣོན་བྱེད་མཁན་སོགས་ལ་གཙོ་གནད་དུ་རིམས་འགོག་སྨན་སོན་འཛུགས་དགོས།

    ༣གལ་ཏེ་ས་གནས་གང་ཞིག་ཏུ་བྱི་རིམས་འདྲ་བའི་ནད་གཞི་ཐོན་ན་ལམ་སེང་ས་གནས་དེ་གའི་རིམས་འགོག་ས་ཚིགས་ལ་སྙན་སེང་ཞུས་ནས་ནད་པ་དུས་ཐོག་ཏུ་སྨན་ཁང་ལ་ཁྲིད་དེ་ནད་གཞི་བརྟག་དཔྱད་དང་ནད་པ་ལོགས་དགར་དུ་འཇོག་དགོས།  བོད་ལྗོངས་ཚན་རྩལ་ཚགས་པར་ལས་བཏུས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།