དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆང་རག་འཐུང་རྗེས་སུ་གང་ཞིག་བཏུང་ན་ལེགས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    མི་མང་པོར་ཆང་རག་འཐུངས་རྗེས་མི་བདེ་བའི་སྐབས་ལ་ངེས་པར་དུ་ཇ་གར་པོ་པེ་ཙི་ཁ་ཤས་འཐུང་བའི་གོམས་གཤིས་ཡོད་པ་རེད།དེ་ནི་ཚན་རིག་དང་རྩ་བ་ནས་མཐུན་གྱི་མེད།གང་ལགས་ཤེ་ན་ཇ་ཡིས་ཕོ་བར་ཕོག་ཐུག་བཏང་ནས་ཕོ་སྐྱུར་ནད་གཞི་སློང་བའི་ཉེན་ཁ་ཆེ་ལ་ད་དུང་ཨ་རག་ཨ་རག་འཐུང་རྗེས་ཇ་འཐུང་བ་ཡིས་ཕོ་སྐྱུར་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་དང་ཡང་ན་ཕོ་སྐྱུར་ནད་སློང་བའི་རྒྱུ་གཙོ་བོའི་གྲས་ཤིག་ཏུ་འགྱུར་གྱི་ཡོད་པས་དོ་སྣང་བྱེད་དགོས།ད་དུང་ལྷག་པར་དུ་ཨ་རག་འཐུངས་རྗེས་སུ་ཁྲག་རྩ་འཁོར་རྒྱུག་ཇེ་མགྱོགས་སུ་ཕྱིན་ཏེ་སྙིང་ཁར་ཞོར་སྐྱོན་ཆེན་པོ་བཟོ་གི་ཡོད་པ་བརྟེན་དེའི་རྗེས་སུ་ཇ་གར་པོ་འཐུང་བ་ཡིན་ན་ཇ་བུལ་གྱིས་ཀྱང་སྙིང་ཁར་ཕོག་ཐུག་བཏང་ནས་སྙིང་གི་འཕག་ཤུགས་མགྱོགས་སུ་ཕྱིན་ཏེ་སྙིང་ཁར་ཞོར་སྐྱོན་ཚབས་ཆེན་བཟོ་གི་ཡོད་པས་ངེས་པར་ཨ་རག་འཐུང་རྗེས་ཇའི་རིགས་འཐུང་མི་ཉན་པ་རེད།འོ་ན་ཨ་རག་འཐུང་རྗེས་སུ་གང་ཞིག་སྤྱོད་དགོས་ཟེར་ན་དེ་ཡང་ཚུའུ་དང་ཤིང་ཏོག་ཁུ་བ།ཆུ་མངར་མོ།ཤིང་ཏོག་སོགས་ཟས་སྤྱོད་བྱ་ན་འཚམ་པས་ཡིད་གཟབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།