འོ་མའི་ནང་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད་པས་ཉར་ཡུན་རིང་ན་འབུ་ཕྲ་མང་པོ་སྐྱེ་བ་མ་ཟད།འོ་མའི་ནང་གི་མངར་རྒྱུར་བརྟེན་པའི་འབུ་ཕྲ་མང་པོ་ཞིག་སྐྱེས་ནས་འོ་མ་ལངས་ཏེ་སྐྱུར་མོ་ཆགས་ཀྱི་ཡོད།དེར་བརྟེན་པ་ཧྲེ་ཏེའི་དུག་སེལ་ལྟར་དྲོད་ཚད་མཐོ་བའི་ནང་དུག་སེལ་མ་བྱས་པར་ཐུམ་བརྒྱབ་པའི་འོ་མ་ལྷད་མེད་ཡིན་རིགས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ནང་བཞག་སྟེ་ཆུ་ཚོད48ཉར་ཆོགའོན་ཀྱང་དྲོད་ཚད་ཧྲེ་ཧྲི་ཏུའུ་ཉི་ཤུ་ནས་སུམ་ཅུའི་བར་གྱི་འོ་མ་ཆུ་ཚོད་3ཡན་བཞག་ན་ཡག་པོ་མེད་ལ།འོ་མ་སོས་པ་ཉི་མའི་འོག་བཞག་ཚེ་འཚོ་བཅུདBམེད་པ་ཆགས་འགྲོ་བས་སྦུག་མི་མཐོང་བའི་ཤེལ་བུམ་ནང་བླུག་དགོས།
འོ་མ་ལྷད་མེད་ཉར་སྟངས་ལ་གཟབ་གཟབ་བྱེད་དགོས་པ་བཞི་ཡོད་པ་སྟེ།གཅིག་ནས་འོ་མ་ཉོས་མ་ཐག་ལམ་སེང་འཁྱགས་སྒམ་ནང་བླུགས་དགོས་པ་དང་།གཉིས་ནས་འོ་མ་བླུགས་པའི་ཤེལ་བུམ་མམ་ཡང་ན་སྒམ་ཆུང་གང་ཡིན་གྱི་ཁ་གཅོད་བཙན་པོ་བརྒྱབ་ནས་དྲི་གཞན་མ་འགོས་པ་བྱེད་དགོས།གསུམ་ནས་གལ་སྲིད་དཀར་ཡོལ་སོགས་ནང་འོ་མ་འཐུང་འཕྲོ་ལུས་ཚེ་ཁ་གཅོད་བརྒྱབ་ནས་འཁྱགས་སྒམ་ནང་འཇོག་པ་ལས་ཡང་བསྐྱར་འོ་མ་བླུག་སྣོད་ནང་ཕར་གཏན་ནས་བླུག་རྒྱུ་མེད།བཞི་ནས་འོ་མ་འཁྱག་ཐེབས་ཚེ་འོ་མའི་བྲོ་བ་ཤོར་འགྲོ་བས་འོ་མ་འཁྱགས་སྒམ་ནང་བླུགས་ནས་འཁྱག་གཏོང་རྒྱུ་མེད།གལ་སྲིད་འཁྱག་གཏོང་དགོས་ཚེ་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ནས་ལྔ་བར་བཞག་ན་དུས་ཡུན་ཉིན7ནང་ཡག་པོ་བསྡད་ཐུབ།གལ་སྲིད་ཉོས་པའི་འོ་མར་དྲོད་ཅུང་ཙམ་ཡོད་ཚེ་དྲོད་ཚད་ཀླད་ཀོར་ལས་མི་དམའ་བའི་ནང་བླུགས་ན་ཡག་པོ་ཡོད།
ཁྲོམ་རའི་ཐོག་རྟག་ཏུ་མཐོང་བའི་འོ་མའི་ཤོག་སྒམ་སྐོར་ལ་རྒྱུས་ལོན་ཐེངས་ཤིག་བྱས་ན།
ཕྱི་དབྱིབས་ཁང་ཆུང་འདྲ་བའི་སྒམ་ཆུང་།
ཕྱི་དབྱིབས་ཁང་ཆུང་འདྲ་བའི་འགྱིག་སོབ་ཐུམ་སྒྲིལ་དེ་རིགས་ཚོང་ཁག་ཁག་གི་འཁྱགས་སྒམ་ནང་རྟག་ཏུ་མཐོང་རྒྱུ་ཡོད།སྒམ་ཆུང་དེ་རིགས་ནང་པ་ཧྲེ་ཏེའི་དུག་སེལ་བྱས་ནས་བླུགས་པའི་འོ་མ་ཡིན་ཞིང་།དེ་དག་ནི་ཧྲེ་ཧྲི་ཏུའུ72ནས76ཡི་ཚ་དྲོད་འོག་དུག་སེལ་ལས་སྣོན་སྐར་ཆ15ཙམ་བྱས་རྗེས་ཐོག་མའི་གནོད་འབུ་ཚང་མ་བསད་དེ་འབུ་ཕྲ་གཞན་ཅུང་ཟད་བཞག་པའི་འོ་མ་ཞིག་ཡིན།འོ་མ་དེ་རིགས་ལ་ཐོན་སྐྱེད་འཁོར་ལམ་ནས་དབོར་འདྲེན་དང་།བྲིན་ཚོང་།ཉར་ཚགས་བཅས་ལྷུ་ཚིགས་སོ་སོའི་དྲོད་ཚད་ཧྲེ་ཧྲི་ཏུའུ4ཡས་མས་དགོས་པའི་རེ་བ་ཧ་ཅང་མཐོ་པོ་ལྡན།དེས་ན་དྲོད་ཚད་མི་འཁྱོག་རྐྱེན་ཕྱི་དབྱིབས་ཁང་ཆུང་འདྲ་བའི་སྒམ་ཆུང་ནང་བླུགས་པའི་འོ་མ་དེ་རིགས་ཉར་ཚགས་ཀྱི་དུས་ཡུན་ཐུང་ཐུང་སྟེ་ཉིན7ལས་མེད།
པ་ཧྲེ་ཏིའི་དུག་སེལ་ལྟར་བྱས་པའི་འགྱིག་སོབ་དང་ཤེལ་བུམ།
དེ་གཉིས་ནི་གོང་ཅུང་ཁེ་བའི་པ་ཧྲེ་ཏིའི་དུག་སེལ་ལྟར་བྱས་པའི་འོ་མ་བླུག་སྣོད་ཅིག་ཡིན།དེ་གཉིས་ནང་བླུགས་པའི་འོ་མ་འཁྱག་གཏོང་སྐབས་གཟབ་གཟབ་བྱེད་དགོས་པ་མ་ཟད།ཉར་ཚགས་དུས་ཡུན་ཡང་ཧ་ཅང་ཐུང་བ་སྟེ་སྤྱིར་ཉིན2ནས3བར་ཡིན།བླུགས་སྣོད་དེ་གཉིས་ནང་བླུགས་ཏེ་སྐྱེལ་བའི་འོ་མ་རྟག་ཏུ་མཐོང་བའི་ནང་།འཛད་སྤྱོད་པས་འོ་མ་མངགས་སྐབས་འོ་མ་སྐྱེལ་ནུས་ལྡན་པའི་ཀུང་སི་ཡག་པོ་ཞིག་འདེམས་དགོས།གང་ལགས་ཤེ་ན།ཁོང་ཚོས་འོ་མ་འཁྱག་གཏོང་བའི་བརྒྱུད་རིམ་ཐད་གཞན་ལས་ཡག་པོ་ཡོད་པས་ཡིན།འོ་མ་སྒོ་ཁར་བསྐྱལ་རྗེས་ལམ་སེང་འཁྱག་གཏོང་དགོས་པ་སྟེ།
(1)འོ་མ་སོས་པ་ཡིན་ཕྱིན་ངེས་པར་དུ་བསིལ་གྲིབ་འོག་འཇོག་དགོས།འཁྱག་སྒམ་ནང་བཞག་ན་ཡག་ཤོས་ཡིན།
(2)འོ་མ་ཉི་མའི་འོག་གམ་ཡང་ན་གློག་འོད་འོག་འཇོག་མི་ཉན།དེ་ལྟར་བཞག་ཚེ་འོ་མའི་ནང་གི་འཚོ་བཅུད་མང་པོ་མེད་པ་ཆགས་ལ་འོ་མའི་བྲོ་བའང་ཡལ་འགྲོ་ཡི་ཡོད།
(3)འོ་མ་འཁྱགས་སྒམ་ནང་འཇོག་སྐབས་ཁ་གཅོད་བཙན་པོ་བརྒྱབ་ནས་དྲི་གཞན་མི་འགོ་བ་བྱེད་དགོས།
(4)དཀར་ཡོལ་སོགས་ནང་འཐུང་འཕྲོར་ལུས་པའི་འོ་མ་ཡང་བསྐྱར་བླུག་སྣོད་ནང་མི་བླུག་པར་ཁ་གཅོད་ཡག་པོ་བརྒྱབ་ནས་འཁྱགས་སྒམ་ནང་འཇུག་དགོས།
(5)རྡོ་ལྟར་འཁྱགས་ཚེ་འོ་མར་སྐྱོན་བྱེད་པས་འོ་མ་འཁྱག་གཏོང་སྐབས་དེའི་བྲོ་བ་མི་ཤོར་བ་བྱེད་དགོས།དེས་ན་འོ་མ་འཁྱག་མི་གཏོང་བར་འཁྱགས་སྒམ་ནང་ཉར་ཚགས་བྱེད་པ་དེ་གས་འགྲིག་པ་ཡིན།