དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཀྱིས་110གྱི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-01-31

    ཟླ་1ཚེས་10ཉིན་ནི་རྒྱལ་ཡོངས་ཀྱི་110དྲིལ་བསྒྲགས་ཉིན་མོ་ཐེངས་29པ་དེ་ཡིན་པ་དང་།དེ་ཉིན་རང་ལྗོངས་ཀྱི་110གྱིས་ཁྱེད་དང་མཉམ་དུ་དུས་བདེ་གཏོད་ཅེས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།བྱེད་སྒོ་སྤེལ་ཡུལ་དུ་མི་དམངས་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་དང་ཁྲིམས་ལུགས་བློ་འདྲིའི་ཞབས་ཞུ་སྤེལ་བ།110གྱི་རྒྱུན་ཤེས་དང་སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲིའི་ཁྱབ་ཁོངས་གསལ་འགྲེལ་བྱེད་པ་བཅས་བྱས་པ་མ་ཟད་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་བསྡུ་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།