ཉེ་ཆར།རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་རྒྱ་ཆེའི་ལས་བཟོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་ཆེད་སྨན་ཁང་གིས“ང་ཡི་སྨན་ཁང་།ང་ཡི་ཁྱིམ།”ཅེས་པའི་པར་ལེན་འགྲན་བསྡུར་སྤེལ་བ་རེད།རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ཐེངས་འདིའི་བྱེད་སྒོ་བརྒྱུད་རིན་ཐང་ཡོད་པའི་སྨན་ཁང་འཕེལ་རྒྱས་མཚོན་པའི་པར་རིས་རྙིང་པ་བསྡུས་ནས་རྒྱ་ཆེའི་ལས་བཟོས་སྨན་ཁང་གི་འགྱུར་ལྡོག་དང་འཕེལ་རྒྱས་ཤེས་རྟོགས་ཡོང་བ་དང་ཚང་མས་སྨན་ཁང་གི་འཚོ་བའི་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་ཕྱོགས་རྣམས་ཤེས་པ་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར།མིག་སྔར་སྨན་ཁང་གི་ལས་བཟོ་10ལྷག་ཙམ་གྱིས་ཐེངས་འདིའི་བྱེད་སྒོའི་ནང་ཞུགས་ཡོད།