
སྨན་དོན་མི་སྣས་མང་ཚོགས་ལ་ཁྲག་ཤེད་ལྟ་བཞིན་པ།
ཉེ་དུས།འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུས་སྣེ་ཁྲིད་དེ་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་རིག་གནས།འཕྲོད་བསྟེན།ཞིང་འབྲོགཁྲིམས་འཛིན་སོགས་ལས་ཁུངས་མཉམ་དུ་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོར་འཕྱོངས་རྒྱས་རྫོང་སྤྱི་ལོ༢༠༡༥ལོའི་རིག་གནས།ཚན་རྩལ།འཕྲོད་བསྟེན།ཁྲིམས་འཛིན་དང་རྒྱལ་གཅེས་ཆོས་གཅེས་བཅས་ཀྱི་གཤམ་བསྐྱོད་ལྔའི་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱས་པར་གཞིགས་ན།བྱེད་སྒོའི་ས་ཆ་དངོས་སུ་འབྲེལ་ཡོད་འགན་ཁུར་བས་གསར་འགོད་པར་གོམ་སྟབས་རྗེས་མར་ལས་དོན་གྱི་གཞི་འཛུགས་ས་འཐུས་སྒོ་ཚང་དུ་བཏང་བ་དང་།ལས་ཀའི་ཐབས་ཤེས་བསྒྱུར་བཅོས་བཏང་བ་དང་གསར་གཏོད་ལས་ཀའི་བསམ་ཕྱོགས་འགྱུར་བ་བཅས་བྱས་ཏེ།གཤམ་བསྐྱོད་ལྔའི་བྱེད་སྒོ་ཁྱབ་རྒྱ་ཆེ་རུ་བཏང་ནས་གཤམ་བསྐྱོད་ལྔའི་བྱེད་སྒོ་མང་དུ་བཏང་བ་དང་རྒྱུན་གཏན་ཅན་དུ་འགྱུར་བ་བྱས་ཏེ།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བློ་ཡིད་འཚིམ་པ་བྱས་པ་རེད།།