གྷི་ཝཾ་དགུ་པ།བསིལ་ཆེ།བཟི་མེད།
ཕན་ནུས།མཆིན་པར་རྨ་དོན་པ་དང་།མཆིན་ཁྲག་རྒྱས་པ།མཆིན་ཚད་ཀྱི་ནད།བད་སྨུག་གི་ནད་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་གསུམ།
གྷི་ཏིགབསིལ།བཟི་མེད།
ཕན་ནུས།མཁྲིས་ཚད་རྒྱས་པ་དང་།མགོ་ན་བ།ཞེ་མེར་ལངས་པ།ཁ་ཏིག་བརྒྱབ་པ།མིག་སྤྲིན་སེར་བ།ཆུ་མདོག་སེར་བ།མཆིན་ཁྲག་རྒྱས་པ་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་གྷི་ཝཾ་དགུ་པ་རིལ་བུ་གཉིས་དང་ཏིག་ཏ་བརྒྱད་པ་རིལ་བུ་གསུམ་རེ་མཉམ་དུ་གཏོང་རྒྱུ།
ཟླ་བདུད།ཅུང་བསིལ།བཟི་མེད།
ཕན་ནུས།ཕོ་མཆིན་ན་བ་དང་།དུག་དང་སྨུག་པོའི་ནད།ཚད་པ་གསར་རྙིང་གི་ནད།མཆིན་ནད་དུག་འཐབ་ཀྱི་ཁྲག་བསྐྱུགས་པའམ་བཤལ་བ།མ་ཞུ་བའི་ནད་སོགས་ལཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་གཅིག
གུར་གུམ་བདུན་པ།བསིལ་ཆེ།བཟི་མེད།
ཕན་ནུས།མཆིན་ཁྲག་རྒྱས་པ་དང་།མཆིན་སྟེང་རྩིབ་ཐུང་གཡས་གཡོན་ན་བ།མཆིན་པར་གཉན་ཚད་ཞུགས་པ།མིག་སྤྲིན་སེར་བ།མཆིན་ནད་གསར་རྙིང་གཉིས་ཀར་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་གསུམ།
གུར་གུམ་བཅུ་གསུམ།ཅུང་བསིལ།བཟི་མེད།
ཕན་ནུས།མཆིན་རྒུད་དང་སྦྱར་དུག་གི་ནད།མཁལ་མར་གཉན་ཚད་ཞུགས་པ།གཅིན་འགགས་ཀྱི་ནད།ཡ་སྲིན་གྱི་ནད་སོགས་ལ་ཕན།
གཏོང་སྟངས།ཉིན་རེར་ཐེངས་གཅིགཐེངས་རེར་རིལ་བུ་གསུམ།