ཉེ་ཆར་ལྷོ་ཁ་ས་ཁུལ་གྱི་འཕྱོངས་རྒྱས་རྫོང་ཐང་པོ་ཆེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གུང་གསེང་སྐབས་སློབ་མར་ཟུར་ཁྲིད་འཛིན་གྲྭ་བཙུགས་ཏེ་དུས་ཡུན་ཟླ་བ་གཅིག་ཙམ་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་ཟུར་ཁྲིད་བྱེད་རིང་གྲོང་ཚོ་དེ་ཡོངས་ཀྱི་ལོ་རིམ་དང་པོ་ནས་བདུན་པ་བར་གྱི་ཞིང་འབྲོག་པའི་བུ་ཕྲུག་ལ་ཨང་རྩིས་དང་།དབྱིན་སྐད།བོད་ཡིགརྒྱ་ཡིག་སོགས་འཁྲིད་ཅིང་།འདི་ནི་གྲོང་ཚོར་གཉེར་བའི་ཟུར་ཁྲིད་འཛིན་གྲྭར་སློབ་མ་རྣམས་ཀྱིས་གཟབ་ནན་ངང་སློབ་སྦྱོང་བྱེད་བཞིན་པ།