དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཉི་འོད་ཐབ་བེད་སྤྱོད་གཏོང་སྐབས་དོ་སྣང་བྱ་རྒྱུའི་གནད་དོན་འགའ།

  • ཡོང་ཁུངས།  ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།   |     སྤེལ་དུས།  2015-01-30

    གཅིགའོད་འཕྲོ་ངོས་ལ་རས་སྐམ་པོས་ཕྱིས་བདར་གཏོང་མི་ཉན།

    གཉིས།སྐོལ་ཆས་ལྗིད་ཚད་རྒྱ་མ་བཅོ་ལྔ་ཡན་ནས་བརྒལ་མི་རུང་།

    གསུམ།སྐོལ་ཆས་སྟོང་པ་ཐབ་སྟེང་དུ་འཇོག་རྒྱུ་མེད།

    བཞི།བཀོལ་སྤྱོད་བྱེད་སྐབས་ཐབ་ཀྱི་རྒྱབ་ངོས་སུ་བསྡད་ནས་ཤ་ལྤགས་དང་མིག་ལ་འཚིག་རྨས་མི་ཡོང་བ་བྱེད་དགོས།

    ལྔ།ཚ་ཤུགས་སྙོམ་སྒྲོག་བྱེད་སྐབས་བཀོལ་སྤྱོད་ཀྱི་གོ་རིམ་བཞིན་ཚ་ཤུགས་སྙོམ་བྱེད་སྐོར་བ་རྒྱག་པ་ལས་ཨུ་ཚུགས་ཀྱིས་སྤོ་བསྒྱུར་བྱེད་མི་རུང་།

    དྲུགཉི་འོད་ནུས་པའི་ཐབ་མཐོངས་ཡངས་ས་ཆར་གཏན་འཁེལ་བྱས་རྗེས་རྟག་ཏུ་འཇོག་ས་གང་བྱུང་སྤོ་རྒྱུ་མེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།