དབུ་ཤོག>ཁྲིམས་ལུགས།
  • རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་སློབ་གྲྭར་ཁྲིམས་སྐྱོང་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-26

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“བཅའ་ཁྲིམས་ལ་བརྟེན་ནས་མི་ཚེའི་ལམ་བུར་འོད་སྣང་སྦྱིན། ཀུན་སྤྱོད་ལ་བརྟེན་ནས་ལོ་ཆུང་སེམས་པ་གསོ་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ལྷ་ས་སློབ་འབྲིང་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དང་ལྷ་ས་སློབ་འབྲིང་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་ཤཱ་ཁེ་ཆིན་བྱེད་སྒོར་ཞུགས་པ་མ་ཟད། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཚོར་ཁྲིམས་སྐྱོང་སློབ་ཚན་ཡང་ཁྲིད་པ་རེད།

    དུས་རབས་གསར་པར་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་བྱེད་པའི་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་ཤཱ་ཁེ་ཆིན་གྱིས་ནན་བཤད་གནང་དོན། ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཏན་ཏིག་ཁུར་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས། ན་སོ་དར་ལ་མ་བབས་པའི་མིའི་འཚར་ལོངས་ལ་འཕྲད་པའི་ཉེན་ཁར་དོ་སྣང་བྱས་ཏེ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་དང་། ཡིན་མིན་གསལ་འབྱེད་དང་སྒྲིག་བཀུར་ཁྲིམས་སྲུང་། རང་རྟོགས་ངང་བསླུ་བྲིད་ལ་འགོག་ཟོན་བཅས་བྱས་ནས་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ན་སོ་དར་ལ་མ་བབས་པའི་མིར་ཕན་པ་ཆེ་ཤོས་ཐོབ་པའི་རྩ་དོན་དོན་འཁྱོལ་བྱེད་པ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། “སྲུང་སྐྱོང་ཆེན་པོ་དྲུག”ལ་མཉམ་དུ་ཤུགས་རྒྱག་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིམས་སྐྱོང་གི་སྲུང་བཅད་ཐུན་མོང་ཐོག་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།