དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྐལ་བཟང་མེ་ཏོག་མཚར་སྡུག་བཀྲ མཐའ་མཚམས་ཡུལ་དུ་བརྩེ་བས་ཁེངས།

    —— རང་ལྗོངས་ཀྱི་གཉིས་བཀུར་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-20



    འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པས་མཐའ་སྲུང་འཐབ་འཛིང་པའི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཉིས་བཀུར་དཔེ་བཟང་རྒྱུན་རྣམ་ཅན་གྱི་འཛུགས་སྐྱོང་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རིམ་ལྔའི་དམག་ཞབས་ཐིམ་པའི་དམག་མིའི་དུས་འཁོར་ཧྲིལ་པོའི་ཞབས་ཞུ་འགན་ལེན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཕྱོགས་གཉིས་ཀར་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱས་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ཏེ་དམག་དཔུང་དང་ས་གནས་མཐུན་སྦྱོར་དང་མི་རིགས་ཁག་གི་མི་དམངས་བློ་སེམས་གཅིག་ཏུ་སྒྲིལ་བའི་མཉམ་ཤུགས་ཆེན་པོར་བརྟེན་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྟོབས་ཤུགས་ཆེན་པོ་སྐྱེས་སུ་འབུལ་བཞིན་ཡོད།

    གསར་བརྗེའི་སྙིང་སྟོབས་ཡུན་ནས་ཡུན་དུ་རྒྱུན་འཛིན་བྱས་པ།

    ས་བབ་སྨི་4000ལྷག་ཙམ་ཡོད་པའི་མཐའ་མཚམས་གྲོང་སྡེར་མཐའ་སྲུང་དཔོན་དམག་ཚོས་གཟའ་འཁོར་རེར་འབྲོག་པ་དང་མཉམ་དུ་སྐོར་གཡེང་ལས་སྒྲུབ་བྱེད་ཀྱི་ཡོད། ལས་སྒྲུབ་ཀྱི་བར་གསེང་དུ་རྩྭ་རའི་ནང་མཉམ་དུ་བསྡད་ནས་སྲིད་ཇུས་སློབ་སྦྱོང་དང་འཚོ་བའི་སྐོར་ལྷུག་པོར་གླེང་གི་ཡོད། དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་མཉམ་སློབ་མཉམ་སྐྲུན་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། འབྲལ་མེད་མཉམ་གཤིབ་ཀྱི་སྤེལ་རེས་མཉམ་འགུལ་ཁྲོད་དུ་མི་རིགས་མཐུན་སྒྲིལ་དང་བློ་སེམས་གཅིག་མཐུན་གྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ས་བོན་ས་མཐོར་བཏབ་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་གཉིས་བཀུར་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་ལ་གཞི་ཚུགས་ཏེ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་ས་སྲུང་མཐའ་བརྟན་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དད་སེམས་ཟབ་ཏུ་གཏོང་བ་དེ་གཉིས་བཀུར་ལས་དོན་གྱི་ལས་འགན་ཨང་དང་པོར་བརྩིས་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་གཉིས་བཀུར་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་པར་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་གཉིས་བཀུར་ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོས་མོལ་ཚོགས་འདུ་འཚོགས་ཏེ། མཐའ་སྲུང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དཔོན་དམག་གི་ནང་མི་བཀོད་སྒྲིག དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་སོགས་ཀྱི་དངོས་ཡོད་དཀའ་གནད་ལ་ཐད་ཀར་དམིགས་ནས། དམག་དཔུང་དང་ས་གནས་ཀྱིས་དགོས་མཁོ་འདྲི་རེས་དང་བྱ་བ་དངོས་སྒྲུབ་རེས་བྱེད་པའི“གསལ་ཐོ་གཉིས”ཀྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ། ལམ་ལུགས་དང་ལམ་སྲོལ་ལ་བརྟེན་ནས་གཉིས་བཀུར་ལས་དོན་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།

    དམག་མིས་དུས་དང་རྣམ་པ་ཀུན་ཏུ་ཞབས་འདེགས་ཞུས་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་མི་དམངས་དམག་དཔུང་གི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས། རྟག་ཏུ་ས་མཐོའི་འབྲོག་ཁུལ་དང་། མཐའ་མཚམས་གྲོང་ཚོ། འཕྲལ་སྡོམ་ཉེན་སེལ་གྱི་འཐབ་ས་དང་པོ་བཅས་སུ་བསྐྱོད་དེ། ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཏུ་གཞི་ཚུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུས་ནས་དམག་དམངས་དབར་གྱི་བརྩེ་སེམས་ཟབ་ཏུ་ཟམ་མི་ཆད་པར་བཏང་ཡོད།

    མཐའ་མཚམས་སུ་བོད་སྡོད་དཔོན་དམག་དང་མི་རིགས་ཁག་གི་ཞིང་འབྲོག་པས་མཉམ་དུ་རྩྭ་རར་བདག་སྐྱོང་དང་། ས་མཐོའི་སྔོ་ཁེབས་སླར་གསོ། རྩྭ་ཐང་གི་ཨ་བྲ་དང་གནོད་འབུ་མེད་པར་བཟོ་བ། གད་སྙིགས་གཙང་སེལ་སོགས་སྐྱེ་ཁམས་བདག་སྐྱོང་ལས་དོན་སྤེལ་བཞིན་ཡོད། དམག་དཔུང་དང་ས་གནས་ཀྱིས་གྲོང་གསེབ་དར་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། གཞི་རིམ་བཅོས་སྐྱོང་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་ཉམས་མྱོང་མུ་མཐུད་ཁྱབ་གདལ་གཏིང་ཟབ་བཏང་སྟེ། དམག་དམངས་སེམས་མཐུན་གྱི་གསོན་ཉམས་དོད་པའི་ལག་ལེན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྱིམ་གཞིས་མཉམ་སྐྲུན་དང་བསྐྱར་དར་ཕྱོགས་སུ་སྐྱོད་པའི་ནང་གནས་སྒུལ་ཤུགས་གཅིག་སྡུད་བྱས་ཏེ། དམག་དཔུང་གིས་ས་མཐོ་ཡུན་རིང་སྲུང་སྐྱོང་དང་དམག་དམངས་སེམས་པ་གཅིག་མཐུན་གྱི་འབྲེལ་བ་ནམ་ཡང་གནས་པར་བྱས་ཡོད།

    བསྐྱར་དར་གྱི་ཕུགས་འདུན་ནམ་ཡང་མི་ནུབ་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིས་དམག་མིའི་རང་མདངས་ནམ་ཡང་མི་ཉམས་པར་བྱས་ཏེ། ལས་རིགས་ཁག་ཏུ་གཞི་ཚུགས་ནས་འགན་འཁྲི་འཁུར་བ་དང་ལས་དོན་བསྒྲུབས་ཏེ། ཉེ་འགྲམ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་མདུན་སྐྱོད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་ནས་ས་མཐོར་གཞི་ཚུགས་པ་དང་དངོས་སྒྲུབ་ལེགས་སྐྱེས་འབུལ་བའི་འབད་འབུངས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

    དམག་ཞབས་ཐིམ་པའི་དམག་མིའི“དམག་མི་ཧྲུའུ་ཅི”མང་པོས་ཞིང་འབྲོག་ཁུལ་དུ་གཞི་ཚུགས་ཤིང་། མངའ་རིས་བསྟི་ཡག་ཤང་གི་ཚེ་རིང་ནོར་བུ་དང་། ཉིང་ཁྲི་ལྷ་ཁ་གྲོང་ཚོའི་བུ་མཆོག་སོགས་དམག་མི་རྒན་གྲས་ཀྱིས་སྣེ་ཁྲིད་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་བཏང་སྟེ། དངོས་སྒྲུབ་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པར”རང་ལྗོངས་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་དང་བླངས་ཞབས་ཞུའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་རྒྱུན་མཐུད་བཏང་ནས། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་ཁྲོད་དུ་མཉམ་འདྲེས་བྱེད་པར་ཁྲིད་སྟོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། མཐའ་དར་མཐའ་བརྟན། གྲོང་གསེབ་དར་རྒྱས་བཅས་ཀྱི་འཐབ་ས་དང་པོར་རང་འགུལ་ངང་བྱས་རྗེས་འཇོག་པ་དང་བྱ་བ་དངོས་སྒྲུབ་པ་དང་དེ་བཞིན་དངོས་ཡོད་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྟོབས་ཤུགས་བརྟན་པོ་སྐྱེས་སུ་འབུལ་རྒྱུ་རེད།

    (རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས་པར་རིས་མཁོ་འདོན་བྱས)


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།