དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་གསེར་རྙེད་ཡན་ལག་ཅུས་མྱུར་བགྲོད་འགྲིམ་འགྲུལ་སྐོར་ཞིབ་ཉེན་རྟོག་རུ་ཆེན་གྱིས།

    ཟོག་འདྲེན་རླངས་འཁོར་ལ་འོད་ཤོག་སྦྱོར་བའི་ཆེད་དོན་དམངས་ཕན་ཞབས་ཞུའི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-20

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་གསེར་རྙེད་ཡན་ལག་ཅུས་མྱུར་བགྲོད་འགྲིམ་འགྲུལ་སྐོར་ཞིབ་ཉེན་རྟོག་རུ་ཆེན་གྱིས་རྒྱུན་གཏན་གྱི་ལམ་ངོས་སྐོར་ཞིབ་དང་དམིགས་འཛུགས་ཞིབ་བཤེར་ལས་དོན་དང་ཟུང་འབྲེལ་གྱིས། ཕར་འགྲོ་ཚུར་འོང་བྱེད་པའི་ཟོག་འདྲེན་རླངས་འཁོར་ཆེ་གྲས་ལ་རིན་མེད་ངང་འོད་ཤོག་སྦྱར་ནས། དྲོ་སྐྱིད་ལྡན་པའི་ཉེན་དོན་ལས་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་བསྲུངས་ཡོད་པ་རེད།

    ལས་སྒྲུབ་མི་དམངས་དང་ལས་རོགས་ཉེན་རྟོག་པས་འགྲོ་ལམ་ལ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད། འགྲོ་འོང་བྱེད་པའི་ཟོག་འདྲེན་རླངས་འཁོར་ཁག་གཅིག་གི་འཁོར་ངོས་ཀྱི་འོད་ཤོག་རྙིང་གྱུར་གོག་ཧྲུལ་དང་། ཆ་ཚང་པོ་མེད་པ། འདམ་གྱིས་བཀབ་པ་སོགས་ཀྱི་གནད་དོན་ཡོད་པས། དེས་འཁོར་རིགས་ལ་དབྱེ་འབྱེད་ངོས་འཛིན་ཐུབ་ཚད་ཆུང་དུ་སོང་ནས་འཁོར་སྐྱོད་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཤེས་རྟོགས་བྱུང་བ་རེད།

    དོན་དངོས་ཀྱི་གནས་ཚུལ་དེར་དམིགས་ཏེ། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་གསེར་རྙེད་ཡན་ལག་ཅུས་མྱུར་བགྲོད་འགྲིམ་འགྲུལ་སྐོར་ཞིབ་ཉེན་རྟོག་རུ་ཆེན་གྱི་ལས་སྒྲུབ་མི་དམངས་དང་ལས་རོགས་ཉེན་རྟོག་པས་འགྲོ་སྐྱོད་བྱེད་པའི་ཟོག་འདྲེན་རླངས་འཁོར་ཆེ་གྲས་རེ་རེ་བཞིན་ལ་ཞིབ་བཤེར་བྱས་ཏེ། མངོན་མེད་རྐྱེན་ངན་ཡོད་པའི་འཁོར་རིགས་ཀྱི་ཁ་ལོ་བར་མཚན་མོ་རླངས་འཁོར་གཏོང་སྐབས་འོད་ཤོག་གི་གལ་ཆེའི་རང་བཞིན་ངང་རྒྱུད་རིང་པོས་གསལ་འགྲེལ་བརྒྱབ་ཅིང་། ཟོག་འདྲེན་རླངས་འཁོར་དབར་གྱི་མཇུག་རྡུང་དོན་རྐྱེན་གྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། ཟོག་འདྲེན་རླངས་འཁོར་གཏོང་སྐབས་མུན་ཁུལ་དང་མཐོང་ཚད་དམའ་བའི་བདེ་འཇགས་རྒྱུན་ཤེས་ཁྱབ་གདལ་བཏང་ནས། ཁ་ལོ་བར“གཞན་གྱིས་མཐོང་ན་གཞི་ནས་བདེ་འཇགས་ཡོང་བའི”བདེ་འཇགས་རྒྱུན་ཤེས་འཇགས་པར་ཁྲིད་སྟོན་བྱས་ཏེ་རྒྱུན་གཏན་གྱི་འཁོར་རིགས་གནས་ཚུལ་ལ་རང་བཤེར་རང་བཅོས་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    ད་ཐེངས་ཀྱི་དམངས་ཕན་ཞབས་ཞུའི་བྱ་སྤྱོད་ཀྱིས་ཟོག་འདྲེན་རླངས་འཁོར་གྱི་འཁོར་སྐྱོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་མ་ཟད། ཁོངས་གཏོགས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཤར་སྐྱོད་ཁོར་ཡུག་གཙང་བཅོས་ནུས་ལྡན་དང་ཉེན་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་སྟེ། ཁ་ལོ་བར་མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་པའི་དྲོ་སྐྱིད་ལྡན་པའི་ཞབས་ཞུ་ཏན་ཏིག་ཚོར་དུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།