དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ལག་བསྟར་དཀའ་བའི་གྱོད་གཞི་བསྒྲུབས། དམངས་ཀྱི་ཁེ་དབང་འགན་སྲུང་བྱས།

    —— ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་འགག་སྒྲོལ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    འདི་ནི་ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་བུན་ཚབ་ཏུ་ཕྱུགས་ཟོག་སྤྲད་དེ་མང་ཚོགས་ཀྱི་ཁེ་དབང་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་བཞིན་པ།

    ཉེ་ཆར། ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གིས་དུས་ཚིགས་གསུམ་པའི་ལག་བསྟར་འགག་སྒྲོལ་དང་དམངས་འཚོ་དང་འབྲེལ་བའི་འགག་སྒྲོལ་བྱ་སྤྱོད་ཀྱི་དུས་མཚམས་རང་བཞིན་གྱི་ཕྱོགས་བསྡོམས་ཚོགས་འདུ་འཚོགས་ཤིང་། གྲུབ་འབྲས་ཞིབ་པར་གླེང་ན། དུས་ཚིགས་གསུམ་པར་ལག་བསྟར་ཐག་གཅོད་ཟིན་པའི་གྱོད་གཞི་154ཡོད་ཅིང་། དམིགས་སར་འབྱོར་བའི་མ་དངུལ་སྒོར་ཁྲི་850ལྷག་ཙམ་ཡོད་པ་དང་མི་181ལ་བཙན་ཤེད་རང་བཞིན་གྱིས་ལག་བསྟར་བྱེད་ཐབས་སྤྱད་པ། འཛད་སྤྱོད་མཐོ་པོ་བྱེད་མཁན་མི་ཐེངས་10ཚོད་འཛིན་བྱས་པ། ཁ་དན་ཚིག་ལ་མ་གནས་པའི་མིང་ཐོ་མི་ཐེངས་11ཡོངས་བསྒྲགས་བྱས་པ་སོགས་གྲངས་གཞི་དེ་དག་ནི་དོ་བདག་དང་མང་ཚོགས་ལ་ལན་ཡག་ཤོས་བཏབ་པ་ཞིག་རེད།

    གྲངས་གཞི་རེ་རེ་བཞིན་ལ་བལྟས་ཚེ་དེ་དག་ལས་གསོན་ཉམས་དོད་པའི་ལག་བསྟར་གཏམ་རྒྱུད་མངོན་པ་དང་ལག་བསྟར་ལས་བྱེད་ཉེན་རྟོག་པས་གོམ་སྟབས་རེ་རེ་དང་བརྟན་སྲུང་ལ་བརྟེན་ནས་ཁྲིམས་འཛིན་འདྲི་གཅོད་ཀྱི་དམ་བཅའ་ལག་ལེན་བསྟར་ཡོད།

    སྒོར་ཁྲི་5དང་འབྲེལ་བ་ཡོད་པའི་དམངས་དོན་གྱོད་གཞི་ལག་བསྟར་བྱེད་རིང་། ལག་བསྟར་བྱ་ཡུལ་རྡོ་ཆེ་གེ་མོས་སྔ་ཕྱི་བར་གསུམ་དུ་རྐང་བཙུགས་ཏེ་གཡོལ་བ་དང་ཡུན་རིང་གབ་ནས་གཞོགས་འདེགས་གཏན་ནས་མ་བྱས་པའི་དབང་གིས་གྱོད་གཞི་ཡུན་རིང་ལུས་པ་དང་རེ་འདུན་ཞུ་མཁན་གྱི་ཁེ་དབང་འགན་ལེན་བྱེད་དཀའ་བར་གྱུར་ཡོད།

    མི་འཚོལ་དཀའ་བ་དང་ཚོད་འཛིན་དཀའ་བའི་ལག་བསྟར་འགག་གནད་སེལ་བར་ཁྲིམས་ཁང་གཅིག་པུར་བརྟེན་ན་དོན་འཁྱོལ་ཡོང་དཀའ།

    ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་བཀྲ་ཤིས་ཚེ་བརྟན་གྱིས་ངོ་སྤྲོད་བྱས་དོན། ང་ཚོས་སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ་གྱི་ལམ་སྲོལ་གཏིང་ཟབ་ཏུ་བཏང་སྟེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་དང་རྫོང་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པ་བསྡུས་ནས་ལག་བསྟར་ཆེད་དོན་ཚན་ཁག་ཏུ་བཅའ་སྡོད་བྱས་ཏེ། སྤྱི་བདེ་དང་ཁྲིམས་ཁང་གིས་མཉམ་དུ་ལྟ་སྡོམ་དང་། ཁུངས་སྣེ་ཞིབ་འཇུག་དང་བརྡར་གཅོད། གནད་སྨིན་འཚོལ་བཤེར་བཅས་ཀྱི་ལས་དོན་འཆར་ཅན་སྤེལ་བས། ལག་བསྟར་ལས་གཡོལ་བར་གཅུན་འདོམས་བྱེད་པའི་ལས་ཕྱོད་ཆེ་རུ་ཆེས་ཆེར་ཕྱིན་པ་རེད།

    སྤྱི་བདེའི་རམ་འདེགས་ཡོད་ཕྱིན་མཉམ་འབྲེལ་ཆེད་དོན་ཚན་ཁག་གིས་རྒྱུན་མཐུད་ངང་ལག་བསྟར་བྱ་ཡུལ་གྱི་ཕྱིར་སྐྱོད་རྗེས་ཤུལ་དང་ཁྱབ་ཁོངས་དུས་ཐོག་ཏུ་གྲལ་བཤེར་དང་རྗེས་སྙེག་བྱས་མཐར་ལག་བསྟར་བྱ་ཡུལ་གྱི་སྡོད་གནས་གཏན་འཁེལ་ཐུབ་པ་རེད།

    ཕྱོགས་གཉིས་པོའི་ཁེ་དབང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགན་ལེན་དང་དོན་དམ་པའི་ཐོག་ནས་འགལ་ཟླ་བསལ་ཆེད་ལག་བསྟར་ལས་བྱེད་ཉེན་རྟོག་པས་ཕྱོགས་གཉིས་ཀ་སྒྲིག་འཛུགས་བྱས་ཏེ་འབྲེལ་གཏུག་འདུམ་འགྲིག་བྱས་མཐར་རེ་འདུན་ཞུ་མཁན་གྱིས་ལག་བསྟར་བྱ་ཡུལ་གྱི་དོན་དངོས་གནས་ཚུལ་ལ་བསམ་ཤེས་བྱས་ཏེ་དུས་ཐེངས་དབྱེ་ནས་སྤྲོད་རྒྱུར་མོས་མཐུན་བྱས་པ་དང་གྱོད་གཞི་བདེ་བླག་ངང་མཇུག་འགྲིལ་བ་རེད། ཡུན་རིང་ལག་བསྟར་ལས་གཡོལ་བའི་གྱོད་གཞི་དེ་སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ་དང་ཉེན་རྟོག་དང་ཁྲིམས་ཁང་མཉམ་བཅོས་ཀྱི་བྱ་ཐབས་ལ་བརྟེན་ནས་ལག་བསྟར་བྱེད་མཇུག་འགྲིལ་བས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱུང་བ་རེད།

    གསོ་རྟེན་གྲོན་དངུལ་སྤྲོད་པའི་གྱོད་གཞི་ཁག་གི་དངུལ་འབོར་ཡོངས་ཁྱབ་མཐོ་པོ་མེད་མོད། འོན་ཀྱང་ལག་བསྟར་ལས་བྱེད་ཉེན་རྟོག་པ་ཚོས་གཙོ་གནད་དོ་ཁུར་བྱ་ཡུལ་གྱི་གྱོད་གཞི་ཞིག་རེད།

    ལག་བསྟར་བྱ་ཡུལ་བསོད་ཆེ་གེ་མོས་གསོ་རྟེན་གྲོན་དངུལ་གྱི་རྩོད་གཞིའི་ཁྲོད་མ་གཞི་ཟླ་རེར་གསོ་རྟེན་གྲོན་དངུལ་སྒོར་700ལས་སྤྲོད་དགོས་མེད་མོད། འོན་ཀྱང་བསོད་ཆེ་གེ་མོས་ཡུན་རིང་དུས་ཐོག་ཏུ་མ་སྤྲད་པའི་དབང་གིས་རང་ཉིད་གཅིག་པུས་ཕྲུ་གུ་གསོ་དགོས་པའི་བུད་མེད་ཕྱོགས་ལ་དཀའ་ངལ་ཆེན་པོ་ཡོད་པའི་ཁར། འབྲོག་ཁུལ་དུ་འབྲེལ་གཏུག་སྟབས་བདེ་མེད་སྟབས་བུད་མེད་ཕྱོགས་ལ་དཀའ་ངལ་ཆེན་པོ་བཟོ་གི་ཡོད།

    གསོ་རྟེན་སྤྲོད་མཁན་ཕྱུགས་འཚོས་ནས་སྡོད་པ་དང་དངུལ་སྨར་ཡོང་འབབ་བརྟན་པོ་མེད་པས། གསོ་རྟེན་དུས་ཐོག་ཏུ་སྤྲོད་དཀའ་བའི་དངོས་ཡོད་དཀའ་ངལ་ལ་བསམ་གཞིགས་བྱས་ཏེ། ཁྲིམས་དཔོན་བསྟན་འཛིན་སྐལ་བཟང་གིས་བབ་བསྟུན་གྱི་ཐག་གཅོད་ཇུས་གཞི་བཟོས་པ་སྟེ། ནོར་ལུག་ནི་འབྲོག་ཁུལ་མང་ཚོགས་ཀྱི་འཚོ་བའི་དངོས་རྫས་རེད་ལ་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་ཡང་ཡིན་པས་དངུལ་སྨར་སྤྲོད་པར་དཀའ་ངལ་ཡོད་ཚེ་ལག་བསྟར་བྱེད་སྟངས་བསྒྱུར་ནས་ཕྱུགས་ཟོག་སྤྲད་དེ་གསོ་རྟེན་གྲོན་དངུལ་གྱི་ཚབ་བྱེད་དུ་བཅུག་པ་རེད།

    དེ་ལྟར་བྱས་ཚེ་ལག་བསྟར་བྱ་ཡུལ་གྱི་ཁུར་པོ་ཡང་དུ་སོང་བ་མ་ཟད་གསོ་རྟེན་གྲོན་དངུལ་ཡུན་རིང་འགྱངས་ཆད་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་པས། རེ་འདུན་ཞུ་མཁན་ལ་འབྲོག་ཁུལ་གྱི་ཐོན་སྐྱེད་རྒྱུ་ཆ་མང་དུ་སོང་ནས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཐུབ་ཀྱི་ཡོད།

    དངུལ་སྨར་ཁོ་ན་སྤྲོད་པའི་སྔར་ཡོད་ཀྱི་བསམ་བློར་འགྱུར་ལྡོག་བཏང་ནས་བབ་བསྟུན་ངང་འགལ་ཟླ་སེལ་བ་དང་ཁྲིམས་དཔོན་གྱིས་ཉམས་མྱོང་ཕུན་སུམ་ཚོགས་པོར་བརྟེན་ནས་འབྲོག་ཁུལ་གྱི་ས་ཁོངས་ཁྱད་ཆོས་ལ་གཞི་ཚུགས་ཏེ་གསར་གཏོད་ཀྱི་བྱེད་ཐབས་སྤྱད་སྟབས། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་ཐུབ་པ་དང་ལག་བསྟར་བྱ་ཡུལ་གྱི་དངོས་ཡོད་ཀྱི་དཀའ་ངལ་ལའང་བསམ་གཞིགས་བྱས་པས། བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཟུང་འབྲེལ་ཡག་པོ་བྱུང་ཡོད།

    སྤྱིར་བཏང་གི་ལག་བསྟར་གཏམ་རྒྱུད་ཉིན་ལྟར་ཐོན་བཞིན་ཡོད་པ་དང་གྱོད་སྒྲུབ་ཀྱི་ལས་དོན་རེ་རེ་བཞིན་ལས་ལས་བྱེད་ཉེན་རྟོག་པ་ཚོའི་ལག་བསྟར་འགག་སྒྲོལ་གྱི་བྱ་སྤྱོད་མངོན་ཞིང་། ལྷག་བསམ་རྣམ་དག་ལ་བརྟེན་ནས་དམར་མདངས་བཀྲ་བའི་གོས་དར་རེ་རེ་དང་བརྩེ་སེམས་ཀྱིས་ཕྱུག་པའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་རེ་རེ་ལག་སོན་བྱུང་བ་དེ་ནི་མང་ཚོགས་ཀྱིས་ཨ་མདོ་རྫོང་མི་དམངས་ཁྲིམས་ཁང་ལ་བབ་ཆགས་ཤོས་དང་སྙིང་ཁོང་རུས་པའི་གཏིང་ནས་བསྔགས་བརྗོད་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།