དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས།

    ནག་སེལ་གཤེད་བཅོམ་གྱི་ཆེད་དོན་དྲིལ་བསྒྲགས་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-13

    ཉེ་ཆར། རྒྱ་ཚ་རྫོང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་འགོ་ཚུགས་པ་དང་། དྲིལ་བསྒྲགས་ཚོགས་ཆུང་ཁག་གིས་ཤང་དང་གྲོང་རྡལ་དང་གྲོང་ཚོ(གྲོང་ལྷན)ཁག་ཏུ་བསྐྱོད་དེ་གནད་སྨིན་སྒྲོག་འགྲེལ་བྱས་ནས་ཁྲིམས་སྐྱོང་འདུ་ཤེས་མི་སེམས་སུ་ཟུག་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

    སྒྲོག་འགྲེལ་བྱེད་རིང་། ལས་དོན་མི་སྣས“ཤང་གྲོང་དུ་གཅིག་སྡུད་སྒྲོག་འགྲེལ་དང་། གྲོང་ཚོ་དང་ཚོཌ་ཆུང་དུ་ནང་དོན་དབྱེ་ནས་སྒྲོག་འགྲེལ། དུད་ཚང་དུ་ཁ་གསབ་སྒྲོག་འགྲེལ”བཅས་ཟུང་འབྲེལ་བྱེད་ཐབས་སྤྱད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ངོ་རྒོལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་བྱས་པ་མ་ཟད། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》 《བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་སྔོག་འཐུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》སོགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་བ་རེད། ལས་རིགས་ཁག་གི་གཙོ་འགན་སྡེ་ཚན་གྱིས་ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་དེ་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་སུ་སྣུར་སྲིང་བྱ་རྒྱུར་དུས་གཅིག་ཏུ་སྐུལ་འདེད་བཏང་བ་དང་། ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ཁེ་ལས་དང་། ལས་ཡུལ། ཁྲོམ་ར་སོགས་སུ་བསྐྱོད་དེ་དྲ་ཐོག་གཙང་བཤེར་དང་དྲ་གཤམ་བཅོས་སྒྲིག་བྱས་པར་གཙོ་གནད་ལས་རིགས་སྤེལ་ཡུལ་10ལྷག་ཙམ་ལ་ཁྱབ་པ་དང་། ཆེད་དོན་ཞིབ་བཤེར་ཐེངས་5བྱས་པ། ཞུ་གཏུག་ཐེར་འདོན་15བདག་སྤྲོད་བྱས་པ་དང་7ཐག་གཅོད་ཟིན་པ། ཁྲིམས་ལས་འགལ་ཏེ་མཉམ་སྡེབ་ཀྱི་ས་ཆ་བཟུང་སྤྱོད་བྱས་ནས་ཁང་པ་བརྒྱབ་པའི་གྱོད་གཞི་1ཞིབ་བཤེར་ཐག་གཅོད་བྱས་པ། དངུལ་བུན་ཁག་468གྲལ་བཤེར་བྱས་པ། “ཡི་གེ་གསུམ་དང་གཞུང་ཡིག་གཅིག”ཆ་ཚང་9བཟོས་ནས་བཀྲམ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།