དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས།

    ​བྱིས་པའི་ཕན་བདེ་སྒྲིག་གཞི་དང་གཞི་རིམ་དཔུང་སྡེར་སྨན་བཅོས་བདེ་ཐང་གི་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11

    ཉེ་ཆར། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ་སྤྱི་ཕན་འོས་འགན་སྨན་བཅོས་དང་། གཞི་རིམ་སྐོར་སྐྱོད་སྨན་བཅོས། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་སོགས་ཀྱི་དངོས་སྒྲུབ་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་སྨན་དོན་མི་སྣའི་སྨན་བཅོས་ལག་རྩལ་གྱི་ནུས་པར་སྦྱོང་བརྡར་དང་ཞབས་ཞུའི་རྨང་གཞི་བརྟན་དུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་འགན་སྲུང་གི་ཆུ་ཚད་རྒྱུན་མཐུད་ལེགས་སུ་བཏང་ཡོད།

    སྤྱི་ཕན་དམངས་ཕན་ལ་དམིགས་ཏེ་བོད་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གིས་རིག་ཚན་མང་བའི་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་རུ་ཁག་བཙུགས་ཏེ། ལྷ་ས་གྲོང་ཁྱེར་SOSབྱིས་པའི་གྲོང་ཚོ་དང་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་བསྐྱོད་ནས་གཅེས་སེམས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ཁྲོད་སྨན་དོན་མི་སྣས་བྱིས་པའི་འཚར་ལོངས་དང་། གློ་སྙིང་གི་བྱེད་ནུས། རུས་པ་དང་སྒལ་ཚིགས། མཐོང་ཤེད་དང་ཁ་སྦུག་སོགས་ལ་གཞིགས་ནས་བདེ་ཐང་དབྱེ་བཤེར་བྱས་ཏེ་བདེ་ཐང་དང་འགོག་སྲུང་གི་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། དགོས་མཁོ་ཡོད་པའི་བྱིས་པར་རིན་པ་མེད་པར་སྨན་སྤྲད་པ་དང་། ཕུགས་ཕན་སྐབས་བསྟུན་བཅའ་འདྲིའི“ཤར་སྐྱོད་བགྲོད་ལམ”ཡང་བཟོས་ཡོད།

    ཤེས་རྟོགས་བྱུང་བ་ལྟར་ན། བྱེད་སྒོའི་ནང་རིམ་རྩིས་བརྒྱབ་ན་དཔོན་དམག་དང་། ནང་མི། བྱིས་པ་བཅས་མི་ཐེངས་300ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། ནང་མི་50ལ་བདེ་ཐང་གི་བརྟག་དཔྱད་བྱས་ཏེ་སྨན་སྣ་ཁ་30ལྷག་ཙམ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།