དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མངའ་རིས་ས་ཁུལ་གྱིས​་མེ་ཟོན་དྲིལ་བསྒྲགས་ཀྱི་མཉམ་སྐྲུན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11


    འདི་ནི་དྲིལ་བསྒྲགས་པས་ལས་གཉེར་ཐིང་གི་ལས་དོན་མི་སྣ་དང་དེ་བཞིན་ལས་གཉེར་མང་ཚོགས་ལ་ཚན་རྩལ་ཁྱབ་གདལ་གྱི་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི་དྲིལ་བསྒྲགས་པས་ལས་གཉེར་ཐིང་གི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་མེ་གསོད་ཡོ་བྱད་བཀོལ་སྤྱོད་བྱེད་སྟངས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་དྲིལ་བསྒྲགས་པས་མེ་ཟོན་དྲིལ་བསྒྲགས་ལག་དེབ་དང་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་ལག་རྟགས་ཆུང་ཆུང་སྤྲོད་བཞིན་པ།

     ཁོངས་གཏོགས་ཁུལ་གྱི་གྲོང་མིའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་འགོག་རང་སྐྱོབ་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་མེ་ཟོན་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པས”ཀྲུང་གོ་གློག་འཕྲིན་མངའ་རིས་ཡན་ལག་ཀུང་སི་དང་མཉམ་དུ“གཅེས་སེམས་ས་ཚིགས”ཀྱི་སྤྱི་ཕན་ཞབས་ཞུར་བརྟེན་ནས“གཅེས་སེམས་ས་ཚིགས། དུས་བདེ་སྲུང་སྐྱོང”གི་མེ་ཟོན་དྲིལ་བསྒྲགས་ཀྱི་མཉམ་སྐྲུན་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་པས་ལས་གཉེར་ཐིང་གི་ལས་དོན་མི་སྣ་དང་དེ་བཞིན་ལས་གཉེར་མང་ཚོགས་ལ་མེ་དང་། གློག སོལ་རླངས་བཅས་སྤྱོད་སྐབས་ཀྱི་བདེ་འཇགས་དང་། གློག སོལ་རླངས་བཅས་ཀྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར། གློག་སྒུལ་སྦག་སྦག་བདེ་འཇགས་ངང་གཏོང་བའི་ཚད་གཞི་སོགས་རྒྱུན་གཏན་གྱི་ཉེན་ཁ་ཆེ་བའི་རྣམ་པར་དམིགས་ནས། དམིགས་སའི་རང་བཞིན་གྱི་མེ་ཟོན་ཤེས་བྱ་ཁྱབ་གདལ་བཏང་བ་རེད། ཚོམས་ཆེན་གྱི་དྲིལ་བསྒྲགས་ཟུར་དུ་མེ་ཟོན་ཤེས་བྱའི་ཤོག་ལྷེ་ལྟེབ་མ་དང་ཁྱིམ་ཚང་གི་མེ་ཟོན་མཛུབ་ཁྲིད་ལག་དེབ་སོགས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་གྲལ་སྟར་བསྒྲིགས་ཏེ་མང་ཚོགས་ཚོས་ལས་སྒོ་སྒྲུབ་ཞོར་དུ་ལྟ་ཀློག་དང་སློབ་སྦྱོང་བྱེད་པར་སྟབས་བདེ་བསྐྲུན་ཡོད། སྒྲོག་འགྲེལ་བྱེད་རིང་། ལས་དོན་མི་སྣས་དུས་གཅིག་ཏུ་མེ་ཟོན་དྲིལ་བསྒྲགས་ལག་དེབ་དང་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་ལག་རྟགས་ཆུང་ཆུང་སྤྲད་པ་མ་ཟད། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་དྲོད་ལེན་སྒྲིག་ཆས་བདེ་འཇགས་ངང་བེད་སྤྱོད་དང་། སྟོན་ཁ་དང་དགུན་དུས་ཀྱི་གཙོ་གནད་མེ་ཟོན་སོགས་ཀྱི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བཏབ་ནས་མེ་ཟོན་ཚན་རིག་ཁྱབ་གདལ་ཞབས་ཞུ་མང་ཚོགས་ཀྱི་ཉེ་འགྲམ་དུ་དངོས་འབྲེལ་སྒྲུབ་པ་རེད།

    “གཅེས་སེམས་ས་ཚིགས”དེ་དམངས་ཕན་ཞབས་ཞུའི་ས་ཚིགས་ཤིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་མཉམ་སྐྲུན་བྱེད་སྒོ་དེ་མེ་ཟོན་དྲིལ་བསྒྲགས་ནང་མཉམ་འདྲེས་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་ནུས་ལྡན་བཏང་ནས། “མི་ཚང་མས་མེ་ཟོན་ལ་དོ་ཁུར་དང་མི་ཚང་མ་མེ་ཟོན་ནང་ཞུགས་པའི”སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།