དབུ་ཤོག>ཁྲིམས་ལུགས།
  • མེ་གསོད་དྲིལ་བསྒྲགས་ལ་དམ་འཛིན་བྱས་ནས་མེ་གསོད་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11


    འདི་ནི་སློབ་མས་མེ་གསོད་འཕྲུལ་མི་སྤྱོད་སྟངས་ལ་བལྟས་ཏེ་ཐག་ཉེ་ས་ནས་མེ་གསོད་རོགས་སྐྱོབ་ཀྱི་ཚན་རིག་ལག་རྩལ་རྩེ་གྲ་ཉམས་ལེན་བྱེད་བཞིན་པ།

    འདི་ནི་སློབ་མས་མེ་ཟོན་ཤེས་བྱའི་བྱ་དགའ་སྤྲོད་པའི་ལན་འདེབས་བྱེད་སྒོར་ཞུགས་བཞིན་པ།

    ཟླ་11ཚེས་6ཉིན། གཞིས་རྩེ་གྲོང་ཁྱེར་གྱིས་2026ལོའི“119”མེ་གསོད་དྲིལ་བསྒྲགས་ཟླ་བའི་རིམ་སྤེལ་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཤིང་། དྲིལ་བསྒྲགས་ཟླ་བའི་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཆེད་བསྐོས་རུ་ཁག་གི་དྲག་རྩལ་འགྲན་བསྡུར་དང་། གྲོང་ཁུལ་རྙིང་པར་མེ་གསོད་ནང་སྦྱོང་། མངོན་མེད་རྐྱེན་ངན་ཉེན་གཏོང་དམར་འདོན། “སྐད་གཉིས”ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་སོགས་ཀྱི་རིམ་སྤེལ་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ཏེ། དགུན་དཔྱིད་གཉིས་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་དང་ལོ་འཁོར་མོའི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བར་རྨང་གཞི་ཡག་པོ་ཞིག་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།