ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་གསོད་ཡོ་བྱད་སྤྱོད་སྟངས་གསོ་སྦྱོང་བྱས་པ།

འདི་ནི་དངོས་སྦྱོང་བྱ་ཡུལ་ཡིན་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་གིས་ཤང་ནགས་ལས་བདག་སྐྱོང་ས་ཚིགས་དང་ཆེད་བསྐོས་མེ་གསོད་ས་ཚིགས་ཀྱི་རྐང་འཛིན་པ་སྒྲིག་འཛུགས་ཀྱིས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་8ལ་བཏང་སྟེ་གྲོང་ཚོ་རེ་རེ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་གསོད་ཡོ་བྱད་སྤྱོད་སྟངས་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་ནང་ནགས་ཁུལ་གྱི་མེ་སྐྱོན་ཐག་གཅོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་། དངོས་སྦྱོང་ནང་སྦྱོང་གི་ཐབས་ལ་བརྟེན་ནས་འཁྱེར་བདེ་བའི་ཆུ་འཐེན་འཕྲུལ་འཁོར་དང་། སྣུམ་སྒུལ་སོག་ལེ། ཕྱེ་སྐམ་མེ་གསོད་ཡོ་བྱད་སོགས་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་བསླབས་ཡོད།
འབྲེལ་ཡོད་གསར་འགྱུར།