དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་པའི་ལག་རྩལ་འགྲན་བསྡུར་གྱི་མཐའ་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-22

    ཉེ་ཆར། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཉེར་རོགས་བྱས་པའི་བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་པའི་ལག་རྩལ་འགྲན་བསྡུར་གྱི་མཐའ་བསྡུར་ལྷ་སར་བྱས་པ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ནས་ཡོང་བའི་རུ་ཁག་7གྱི་བདམས་ཐོན་པ་21འགྲན་རར་ལྷན་དུ་འཛོམས་ཏེ་ལས་སྒོའི་འཇོན་ཐང་འགྲན་བསྡུར་བྱས་ནས། རང་ལྗོངས་བཟོ་ཚོགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་དཔུང་ཁག་གི་ཉམས་སད་ཐེག་པའི་ཆེད་ལས་བྱང་ཚད་དང་ལས་སྒྲུབ་ཀྱི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་གྱིས“ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་སྣོན་གྱིས། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཡོངས་ཀྱི་ལག་རྩལ་འགྲན་བསྡུར་ཚད་གཞིར་བཟུང་ནས། རྨང་གཞིའི་ཤེས་བྱའི་ཚོད་ལེན་དང་། ཆེད་ལས་ཤེས་བྱའི་འགྲན་རྩོད་ལན་འདེབས། ལྟ་སྐུལ་གྱོད་དཔེར་དབྱེ་ཞིབ་བཅས་འགྲན་བསྡུར་ལྷུ་ཚིགས་གསུམ་བཀོད་སྒྲིག་བྱས་ནས། འགྲན་ཞུགས་མི་སྣའི《བཟོ་ཚོགས་བཅའ་ཁྲིམས》དང《ངལ་རྩོལ་བཅའ་ཁྲིམས》 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁོང་དུ་ཆུད་ཚད་དང་བཀོལ་སྤྱོད་བྱེད་ཚད་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ། བཟོ་ཚོགས་ཀྱི་ངལ་རྩོལ་བཅའ་ཁྲིམས་གྱི་ལྟ་སྐུལ་བདག་སྤྲོད་དང་། བརྟག་དཔྱད། མཐུན་སྦྱོར་ཐག་གཅོད། ཡིག་ཆ་བཟོས་ནས་གཏོང་བ། རྗེས་འདེད་དོན་འཁྱོལ། དེ་བཞིན་སྡེ་ཚན་བསྒྲལ་ནས་མཉམ་སྒྲུབ་མཉམ་འགུལ་སོགས་ཀྱི་དངོས་དོན་ཐག་གཅོད་ཀྱི་ནུས་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་ཁྱོན་མཉམ་སྡེབ་ཀྱི་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་1 བྱ་དགའ་རིམ་པ་གསུམ་པ་2བཅས་དང་། མི་སྒེར་གྱི་བྱ་དགའ་རིམ་པ་དང་པོ་1དང་། བྱ་དགའ་རིམ་པ་གཉིས་པ་2 བྱ་དགའ་རིམ་པ་གསུམ་པ་9བཅས་བདམས་པ་དང་། ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་4དཔྱད་འདེམས་བྱས་ཡོད། འགྲན་བསྡུར་གྱི་བཀོད་སྒྲིག་གཞིར་བཟུང་། མི་སྒེར་གྱི་སྦྱངས་འབྲས་ཨང་དང་པོ་ནས་གསུམ་པ་བར་ཐོབ་མཁན་གྱི་བདམས་ཐོན་པས་རང་ལྗོངས་ཀྱི་ཚབ་བྱས་ཏེ། རྒྱལ་ཡོངས་བཟོ་ཚོགས་ཀྱི་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་པའི་ལག་རྩལ་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།