བོད་དམག་ཁུལ་ཁང་གིས།
འཐབ་ས་དང་པོར་རིག་རྩལ་འཁྲབ་སྟོན་བྱས་པ།
དཔུང་སྡེའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་དཔོན་དམག་གི་དམག་སྦྱོང་སྤྲོ་སེམས་སྔར་བས་འཕེལ་བར་བྱ་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་རིག་རྩལ་ཚོགས་པའི་རིག་རྩལ་རྟ་དམག་རུ་ཁག་གིས་དམག་སྦྱོང་བྱ་ཡུལ་གྱི་འཐབ་ས་དང་པོར“དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློར་སྦྱོང་བརྡར་སྤྲོས་པ་དང་། ཆབ་སྲིད་ཀྱི་སྦྱོང་སྒྲིག་བྱེད་ཟབ་ཏུ་གཏོང་བའི”བརྗོད་དོན་གཙོ་བོའི་འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། གཞས་པ་ཚེ་རིང་བསམ་གྲུབ་ཀྱིས་བརྩེ་སེམས་ཟབ་མོས《སོ་ལྟ་ཁང་གི་མཁའ་དབྱིངས》ཞེས་པའི་གླུ་གཞས་བཏང་བ་དང་། སྐད་གསང་མཐོ་ཞིང་བརྩེ་བས་ཕྱུག་པའི་གླུ་དབྱངས་ལས་ས་མཐོའི་སོ་ལྟ་ཁང་དུ་གཞི་ཚུགས་པའི་མཐའ་སྲུང་དཔོན་དམག་ཚོའི་དཀའ་ཚེགས་ལ་མི་སྐྲག་པའི་ལྷད་མེད་ཀྱི་འགན་འཁྲི་འཁུར་སེམས་མཚོན་པས། དཔོན་དམག་ཚོར་སྤྲོ་སེམས་མཉམ་སྐྱེས་བྱུང་ཡོད། བྱེད་སྒོ་མཇུག་འགྲིལ་མཚམས་སུ་གླུ་གར《ཁྱེད་ཀྱི་འགན་འཁྲི་ང་ཡིས་བླངས》ཞེས་པ་འཁྲབ་སྟོན་བྱས་ཤིང་། གར་སྟེགས་སུ་དུས་རབས་གསར་པའི་དཔོན་དམག་ཚོས་རྒན་རབས་པ་ཚོའི་འགན་འཁྲི་དང་དུ་བླངས་པའི་རྣམ་པ་འཁྲབ་སྟེ། མཐའ་སྲུང་དཔོན་དམག་མི་རབས་ནས་མི་རབས་བར་གྱིས་ཐོག་མའི་བསམ་འདུན་དང་དད་སེམས་རྒྱུན་འཛིན་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་མངོན་པར་བྱས་ཡོད།
འཁྲབ་སྟོན་ཧྲིལ་པོར་དམག་དཔུང་སྟོབས་ཆེར་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ངོ་མཚར་ཆེ་བའི་རིག་རྩལ་བརྩམས་ཆོས་ལ་བརྟེན་ནས་དམག་མིའི་ངར་ཤུགས་འཕེལ་བར་བྱས་པ་དང་། གཞོན་ནུའི་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་བཏང་ཡོད། དཔོན་དམག་ཚོས། སེམས་འགུལ་དང་སྐུལ་ལྕག་དེ་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་གྲབས་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པའི་ཐོག་ནས་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་དུས་རབས་གསར་པའི་ཕུལ་བྱུང་རྒྱུགས་ལན་ནུས་ཤུགས་ཡོད་རྒུས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།