དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བོད་ཀྱི་སློབ་གྲྭའི་བརྙས་བཅོས་འགོག་ཟོན་གྱི་བཅའ་ཁྲིམས་ཁྱབ་གདལ་གར་སྟེགས་འཁྲབ་ཚན་ཐོག་མ་དེ་འཁྲབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-16

    འདི་ནི་གར་སྟེགས་འཁྲབ་ཚན《འདུ་འཛོམས》འཁྲབ་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལག་རྩལ་སློབ་གྲྭ་གཉིས་པའི་བྱེད་སྒོའི་ལྟེ་གནས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བའི་བཅའ་ཁྲིམས་ཁྱབ་གདལ་གྱི་གར་སྟེགས་འཁྲབ་ཚན《འདུ་འཛོམས》ཞེས་པ་དེར་འཁྲབ་པ་རེད།

    བོད་ཀྱི་སློབ་གྲྭའི་བརྙས་བཅོས་འགོག་ཟོན་བརྗོད་དོན་གཙོ་བོར་བྱས་པའི་ན་སོ་དར་ལ་མ་བབས་པའི་མིའི་བཅའ་ཁྲིམས་ཁྱབ་གདལ་གྱི་གར་སྟེགས་འཁྲབ་ཚན་ཐོག་མ《འདུ་འཛོམས》ནི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་མཉམ་དུ་གསར་རྩོམ་བྱས་ཤིང་། རིག་རྩལ་འཁྲབ་སྟོན་གྱི་ལམ་ནས་སློབ་མ་དང་ཁྱིམ་བདག་ལ་དབྱིངས་ཞུགས་རྣམ་པའི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་ཡོད་པ་རེད།

    ཁྱིམ་བདག་ཚོ་མོས་པོ་བྱུང་བ་ཕུད། ཕྲུ་གུ་ཚོ་ཡང་ལྟད་མོར་རྦད་དེ་དབྱིངས་ཞུགས་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་ཀུང་ཅུན་མེ་ཡིས་གསར་འགོད་པར“ཡག་པོ་ཞེ་དྲག་འཁྲབ་སོང་། གར་སྟེགས་འཁྲབ་ཚན་དེ་ལས་ངས་སོ་སོར་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་མ་ཟད། སློབ་གྲོགས་དང་ཕན་ཚུན་འཆམ་མཐུན་བྱས་ནས་གཞན་ལ་བརྙས་བཅོས་བྱེད་རྒྱུ་མེད་པའང་ཤེས་བྱུང”ཞེས་བརྗོད།

    《འདུ་འཛོམས》འཁྲབ་པ་དེ་ནི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང“དྲོ་སྐྱིད”ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ཚོགས་པས་གསར་དུ་གཏོད་པའི་བཅའ་ཁྲིམས་ཁྱབ་གདལ་རྣམ་པའི་ལག་ལེན་གལ་ཆེན་ཞིག་རེད། གར་སྟེགས་འཁྲབ་ཚན་དེས་གཏུམ་སྤྱོད་མི་སྤེལ་བ་དང་། ངག་བསྡམས་ནས་མི་སྡོད་པ། ཟུར་བལྟ་མི་བྱེད་པ། རྒྱ་ཡན་དུ་མི་གཏོང་བ་བཅས་ཀྱི་ལྟེ་བའི་རིན་ཐང་འདུ་ཤེས་བརྒྱུད་སྤྲོད་བྱས་ཏེ། སློབ་གྲྭར་ཡོད་མུས་ཀྱི་སློབ་མར་ཁྲིམས་སྐྱོང་ཉེན་གཏོང་སློབ་གསོ་བརྒྱབ་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གིས་མཉམ་དུ་ལག་གདང་སྦྲེལ་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་དོ་ཁུར་བྱེད་པར་འབོད་སྐུལ་དེ་བས་ཀྱང་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང“དྲོ་སྐྱིད”ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ཚོགས་པས་བཅའ་ཁྲིམས་ཁྱབ་གདལ་བྱ་ཐབས་རྒྱུན་མཐུད་གསར་གཏོད་བྱས་ཏེ། རིག་རྩལ་བརྩམས་ཆོས་དང་སྒྲོག་འགྲེལ་བྱེད་སྒོ་སོགས་གཞི་རྟེན་སྣ་ཚོགས་ལ་བརྟེན་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་བཏང་ཐོག ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་ཕུགས་འདུན་མངོན་འགྱུར་ལམ་བུར་ལྟ་སྲུང་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།