ཁྲིམས་སྐྱོང་འདུ་ཤེས་མང་ཚོགས་སེམས་སུ་ཟུག མཐུན་སྒྲིལ་འབད་འཐབ་མི་སེམས་གཅིག་ཏུ་བསྒྲིལ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ནང་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་འདུ་ཤེས་གལ་ཆེན་དེ་རྒྱལ་ཁབ་ཀྱི་འདོད་འདུན་དུ་བསྒྱུར་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་ཀྱི་ཉམས་མྱོང་བཅའ་ཁྲིམས་ཀྱི་གཏན་འབེབས་སུ་རིམ་སྤོར་བྱས་པའི་ནང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གསང་ཨང་ཚུད་ཡོད། གངས་ལྗོངས་ས་མཐོའི་དོན་དངོས་ལ་གཞི་ཚུགས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བར། ཁྲིམས་སྐྱོང་གི་སྙིང་སྟོབས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་ཁྱབ་པར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་རིན་ཐང་གི་ཕྱོགས་སྟོན་དེ་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་ལག་ལེན་བསྟར་ཐུབ་པའི་རྣམ་པར་དངོས་སུ་འགྱུར་བ་བྱེད་དགོས།
ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། བོད་ཀྱི་མི་རིགས་ཁག་གྲུབ་པ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་བསྐྲུན་པའི་ནང་ཞུགས་པའི་བརྒྱུད་རིམ་ཞིག་དང་། ཀྲུང་ཧྭའི་འོད་སྟོང་འཕྲོ་བའི་ཤེས་དཔལ་ཐུན་མོང་ཐོག་གཏོད་པའི་བརྒྱུད་རིམ་ཞིག་རེད། བཅའ་ཁྲིམས་དེས“ཐུན་མོང་ལྔ”ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཕེལ་རིམ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཏེ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་འཛུགས་པར་ཁྲིམས་སྲོལ་གྱིས་འདེགས་སྐྱོར་བྱས་ཡོད། ང་ཚོས་མུ་མཐུད་བསམ་བློའི་ཁྲིད་སྟོན་ལ་དམ་འཛིན་ཏན་ཏིག་བྱས་ནས། ཞིང་འབྲོག་མང་ཚོགས་དང་། སློབ་གྲྭར་འགྲོ་མུས་ཀྱི་གཞོན་ནུ་ལོ་ཆུང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་སོགས་ལ་ཕྱོགས་ནས“ལོ་རྒྱུས་ལྔའི”དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་མངའ་ཁོངས་རྒྱ་སྐྱེད་དང་ཐུན་མོང་ཐོག་མཐའ་མཚམས་སྲུང་སྐྱོང་གི་གཏམ་རྒྱུད་གསར་པ་ཡག་པོ་ཤོད་པ། དྲིལ་བསྒྲགས་སློབ་གསོ་དང་སྤྱི་ཚོགས་ཀྱི་སེམས་ཁམས་ཀྱི་མཐུན་ཆ་དང་། མི་རིགས་ཀྱི་བརྩེ་སེམས་ཀྱི་མཐུན་ཆ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཟུང་འབྲེལ་བྱེད་ས་བཅས་དེ་བས་ཡང་དག་ངང་བཙལ་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་ཀྱིས་རང་ལྗོངས་ཀྱི་མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། བཅའ་ཁྲིམས་ཁྲོད་ཀྱི་བསམ་བློའི་ནང་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ“འཛུགས་གཏོད་བཞིར”དམིགས་པ་དང་དེར་ཤུགས་རྒྱག་རྒྱུའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་བས་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱེད་པ། མི་རིགས་ཁག་གི་སྤྱི་དམངས་ཀྱིས་འདྲ་མཉམ་ངང་ཁེ་དབང་ལོངས་སུ་སྤྱོད་པ་དང་འདྲ་མཉམ་ངང་འོས་འགན་སྒྲུབ་པའི་འགན་ལེན་བཅས་བྱས་ཏེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་མི་རིགས་ལས་དོན་བཅོས་སྐྱོང་ཐུབ་པར་བྱེད་དགོས།
སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འབད་བརྩོན་ལྷོད་མེད་བྱས་ཚེ་གཞི་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་ཐུབ་པ་དང་། མི་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སྒྲ་རྟགས”ཡག་པོ་བྱས་ཚེ་གཞི་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བརྟན་ལྷིང་ཡོང་བའི་ལེའུ་གསར་པ་རྩོམ་ཐུབ། བཅའ་ཁྲིམས་དེའི་ནང་དོན་ཚན་རབ་དང་རིམ་པ་བརྒྱུད། ལས་ཁུངས་ཀྱི་ཚན་པ་དང་། གྲོང་གསེབ་ཀྱི་སྡེ་ཁུལ། སློབ་གྲྭའི་སློབ་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་དང་། དེ་བཞིན་སྤྱི་དམངས་ཚང་མས་འཁུར་དགོས་པའི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ཡོད། གངས་ལྗོངས་ས་མཐོར་ཕྱོགས་སྐབས། མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ་བཅས་བྱ་རྒྱུ་དེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་གྱུར་པ་དང“མི་རིགས་མཐུན་སྒྲིལ་ཡོང་བར་མི་ཚང་མར་འགན་འཁྲི་ཡོད་པ”དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། ང་ཚོས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོར་གཅེས་སྤྲས་ལྡབ་བརྒྱ་བྱས་ནས། རང་ངོས་ཀྱི་ཁྱབ་ཁོངས་དང་རང་ངོས་ཀྱི་དོན་དངོས་ནས་འགོ་འཛུགས་པ་དང་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ། ཆུ་ཐིགས་བསགས་ནས་རྒྱ་མཚོ་འཁྱིལ་བ་ལྟར་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྒྱང་སྐྱོད་གྲུ་གཡོར་འདེགས་དགོས།
ཁྲིམས་བཟང་ནི་བཅོས་སྐྱོང་ཡག་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་བཅའ་ཁྲིམས་ཀྱི་གསོན་ཤུགས་ནི་ལག་ལེན་བསྟར་རྒྱུར་ཐུག་ཡོད། ང་ཚོས་ཁྲིམས་སྲོལ་ཞིབ་ཀློག་ཁོ་ན་བྱས་ནས་སྡོད་མི་རུང་བར་ཁྲིམས་སྐྱོང་གི་འདུ་ཤེས་ཞིང་ནང་དང་མུ་ཁར་ཁྱབ་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་རྒྱུར་སྐུལ་འདེད་བཏང་ནས། བསམ་བློའི་ཐུན་མོང་གི་ངོས་འཛིན་དེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་སྟོབས་ཤུགས་དངོས་སུ་གཅིག་སྒྲིལ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བློ་སེམས་གཅིག་མཐུན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་འདུས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།