མལ་གྲོ་གུང་དཀར་རྫོང་གིས་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་གསོག་གི་གྱོད་གཞི་ཐོག་མ་དེར་ཞིབ་གཅོད་བྱས་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས། གཞུང་དོན་ལ་འགོག་རྐྱེན་བཟོས་པའི་རྫོང་དེའི་ཉེས་གསོག་གྱོད་གཞི་ཐོག་མ་དེར་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་པ་དང་། མང་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱས་པ་མ་ཟད། “དབྱིངས་བཞུགས་རྣམ་པའི་ཁྲིམས་རའི་འདྲི་གཅོད་སློབ་ཁང”དུ་གྱོད་དཔེར་བརྟེན་ནས་ཁྲིམས་ལ་འགྲེལ་བཤད་རྒྱག་པ་དང་གྱོད་དཔེར་བརྟེན་ནས་ཕྱོགས་ལྷུང་ཡོ་བསྲང་བྱས་པ་བརྒྱུད། མང་ཚོགས་ཀྱི“ལས་སྒྲུབ་ལ་འགོག་རྐྱེན་བཟོས་ཀྱང་ཁྲིམས་འགལ་མིན་པའི”ནོར་འཁྲུལ་གྱི་ངོས་འཛིན་མེད་པར་བཟོས་པས་གྱོད་གཞི་གཅིག་ཞིབ་གཅོད་བྱས་ནས་ཡུག་གཅིག་ལ་སློབ་གསོ་ཐོབ་པར་བྱེད་པའི་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་ཡོད།
ད་ལོ་ཚུན་མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས“གཞུང་དྲང་དང་ལས་ཕྱོད”ཀྱི་ལས་དོན་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་དམངས་འཚོ་འཕེལ་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དུས་བདེ་འཛུགས་སྐྱོང་བཅས་ཀྱི་ལས་འགན་གཙོ་བོར་དམིགས་ཏེ་འདྲི་གཅོད་ལག་བསྟར་དང་། ཞུ་གཏུག་འབྱུང་རྩ་ནས་བཅོས་སྒྲིག ཁྲིམས་ལུགས་ཁྱབ་གདལ་བཏང་ནས་དམངས་ལ་ཕན་འདོགས་པ། ཁྲིམས་འཛིན་ཞབས་ཞུ་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། ལོ་སྟོད་དུ་རིགས་ཁག་གི་གྱོད་གཞི་ཁྱོན་བསྡོམས་798བདག་སྤྲོད་བྱས་པ་དང་། གྱོད་གཞི་631ཐག་གཅོད་བྱས་པ། ལག་འབྱོར་དངུལ་འབོར་སྒོར་ཁྲི་2369.9ཟིན་པ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ནུས་ལྡན་ངང་ཐག་གཅོད་བཅས་བྱས་པས། ཁྲིམས་འཛིན་གྱི་སྤྱི་རྟོན་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།