གངས་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།
སྟོན་ཟླ་དགུ་པར། 2026ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དུས་བཀག་ལྟར་སླེབས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་པ། རིག་ནུས་དུས་རབས་སུ་དྲ་རྒྱའི་བདེ་འཇགས་སྲུང་དགོས་པ”དེ་རེད། ཟླ་9ཚེས་14ནས་20ཉིན་བར་བོད་ཀྱིས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་དུས་གཅིག་ཏུ་སྤེལ་ཡོད།
མཉམ་སྦྲེལ་དྲ་རྒྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ། དྲ་རྒྱ་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་དང་འབྲོག་ཁུལ་དུ་ཁྱབ་གདལ་བྱུང་བ་དང་བསྟུན་ནས་མང་ཚོགས་ཚོ་ཕྱིར་སྐྱོད་མི་དགོས་པར་དྲ་རྒྱ་ནས་ཅ་དངོས་ཉོ་བ་དང་། ལས་དོན་སྒྲུབ་པ། འབྲེལ་གཏུག་བཅས་བྱེད་ཐུབ་མོད། འོན་ཀྱང་དྲ་རྒྱའི་ཐོག་གི་དཀྲོག་གཏམ་དང་། གློག་འཕྲིན་གྱི་ཁ་བསླུས། ཚུལ་མིན་གྱི་དྲ་རྒྱའི་གཏམ་བརྗོད་སོཌ་ཀྱི་ཉེན་ཁ་ཡང་དེ་དང་ཆབས་ཅིག་ཐོན་གྱི་ཡོད་པས། དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་དེར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་།
བོད་ལྗོངས་དྲ་འཕྲིན་དང་སྤྱི་བདེ་སྡེ་ཚན་གྱིས་དཔེ་མཚོན་གྱོད་དཔེ་ཐེངས་མང་ཡོངས་བསྒྲགས་བྱས་ཡོད། རང་སྨྱན་སྦྱོར་ཁག་གཅིག་གིས་རྒྱུགས་འབོར་མང་དུ་གཏོང་ཆེད་བོད་དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་བཟོས་ནས་སྤྱི་དམངས་ཀྱི་ངོས་འཛིན་ལ་གོ་བ་ལོག་ཁྲིད་བྱས་པས། ཁྲིམས་ལྟར་ཐག་གཅོད་བྱས་པ་དང་། ད་དུང་མང་ཚོགས་ཁག་གཅིག་ལ་དྲ་རྒྱའི་བྲིན་རྫུ་དང་རྒྱུ་ནོར་བདག་གཉེར་བརྒྱུད་མགོ་སྐོར་བཏང་ནས་རྒྱུ་ནོར་གྱི་གྱོང་གུན་བཟོས་པ། པོད་བདག་ཁག་གཅིག་གིས་ཚུལ་མིན་གྱི་གཏམ་བརྗོད་སྤེལ་ནས་དྲ་རྒྱའི་སྒྲིག་ལམ་ཟང་ཟིང་བཟོས་པས་སྐོང་འདྲི་བྱས་ནས་ཉེན་བརྡ་བཏང་བ་སོགས་བྱས་ཡོད། ཉེ་འགྲམ་དུ་ཐོན་པའི་གྱོད་དཔེ་དེ་དག་གིས་དྲ་དམངས་ལ་ཉེན་བརྡ་བཏང་བ་སྟེ། དྲ་རྒྱའི་བར་མཐོངས་ནི་ཁྲིམས་འོག་ཏུ་མི་འདུས་པའི་ས་མིན་པར་རྟོག་བཟོའི་འཛམ་གླིང་ལའང་མཐའ་ཚད་དང་སྒྲིག་ལམ་ཡོད་པ་དེ་རེད།
རིག་ནུས་དུས་རབས་སུ་AIརྫུན་བཟོ་དང་མཉམ་བསྲེས་གཏིང་ཟབ་སོཌ་ཀྱི་བྱ་ཐབས་གསར་་པ་ལས་དྲ་རྒྱའི་མགོ་སྐོར་དང་དཀྲོག་གཏམ་ལ་དེ་བས་མགོ་སྐོར་རང་བཞིན་ལྡན་ནས་མང་ཚོགས་ཀྱི་དོགས་ཟོན་ནུས་པར་ཚོད་བགམ་གསར་པ་བཟོས་ཡོད།
གངས་ལྗོངས་ས་མཐོའི་གྲངས་འཛིན་གྱི་རྣམ་པར་བདེ་འཇགས་ཀྱི་རྨང་གཞི་ལྡན་དགོས། ད་ཐེངས་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གོ་སྐབས་སུ་བྱས་ཏེ་རྒྱུན་རྣམ་ཅན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བདེ་འཇགས་ཀྱི་འདུ་ཤེས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་བདེ་འཇགས་དང་། ཤེས་དཔལ། དྭངས་གཙང་བཅས་ཀྱི་དྲ་རྒྱའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་ཐུབ་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།