2026ལོའི་ཁྲིམས་སྐྱོང་ལས་དོན།
ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད།
ཉེ་ཆར། ཏང་ཀྲུང་དབྱང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ་ད་ལོའི་ཟླ་བདུན་པ་ནས་བཟུང་དུས་ཡུན་ལོ་གཅིག་ཙམ་སྤྱད་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་རྒྱུ་གཏན་འཁེལ་བྱས་པ་རེད།
ཆེད་དོན་འཐབ་རྩོད་ཀྱི་རྡུང་རྡེག་གཙོ་གནད།
★ “གྲོང་ཚོ་དང་། ཤང་། བྱེ་མ། གཏེར་ཁ། ཁྲོམ་གཞུང་། ཁྲོམ་ར་བཅས་ཀྱི་བཙན་དབང”སོགས་ནག་གཤེད་ཕྱོགས་གཏོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། དུག་རྫས་བཟོ་བ་དང་ལྐོག་ཚོང་རྒྱག་པ་དང་། རྒྱན་ཁང་བཙུགས་པ། འཆལ་སྤྱོད་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ཉེས་གསོག་ངན་ཚོགས་དང་ས་མཚམས་ཕྱི་ནང་གི་ནག་གཤེད་ཕྱོགས་གཏོགས་དང་ངན་པ་ལག་སྦྲེལ་བྱེད་པའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ།
★ ན་སོ་དར་ལ་མ་བབས་པའི་མིར་བཀོད་པ་གཏོང་བ་དང་ཚོད་འཛིན་བྱས་ཏེ་ཁྲིམས་འགལ་ཉེས་པ་གསོག་ཏུ་འཇུག་པ་དང་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་བཟོ་བའི་ནག་གཤེད་ངན་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ།
★ དྲ་རྒྱའི་ལས་སྟེགས་དང“འཇམ་པོའི་གཏུམ་སྤྱོད”བྱེད་ཐབས་སྤྱད་དེ་སྒྲིག་འཛུགས་ཡོད་པའི་སྒོ་ནས་གཅེར་མོལ་ཁ་བསླུས་རྒྱག་པ་དང་། ཁྲིམས་དང་མི་མཐུན་པར་དངུལ་བུན་གཏོང་བ། ཁྲིམས་དང་མི་མཐུན་པར་འདེད་ལེན་བྱེད་པ། གླེང་ཕྱོགས་བཟོས་ནས་ཁ་བསླུས་རྒྱག་པ། བསམ་ངན་བཅངས་ནས་སྐྱིན་གསབ་ལེན་པ། བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། ངལ་ནུས་ཐད་ནས་ཁ་བསླུས་རྒྱག་པ། འཆལ་སྤྱོད་ཐད་ནས་ཁ་བསླུས་རྒྱག་པ་སོགས་ཀྱི་ནག་གཤེད་ཉེས་གསོག་དང་དེ་བཞིན་འབྲེལ་ཡོད་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ།
★ རྗེས་སྙེག་སུན་སྣང་བཟོ་བ་དང་། འཇིགས་སྣང་སྐུལ་བ། བསྙད་འདོགས་རྒྱུ་ལེན་སོགས་ཀྱི“འཇམ་པོའི་གཏུམ་སྤྱོད”ཀྱི་ནག་གཤེད་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།