དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གཡོད་དབྱང་གི་ཁྲིམས་སྐྱོང་བོད་སྐྱོར་གྱོད་དཔེ《ཁྲིམས་སྐྱོང་དུས་རབས》ཀྱི་གསར་གཏོད་གྱོད་དཔེ་སྐབས་བཞི་པར་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-22

    ཉེ་ཆར། 《ཁྲིམས་སྐྱོང་དུས་རབས》ཀྱི་གསར་གཏོད་ཚོགས་ཆེན་སྐབས་བཞི་པར་2026ལོའི་ཁྲིམས་སྐྱོང་གསར་གཏོད་ཀྱི་གྱོད་དཔེར་བདམས་ཐོན་བྱུང་བའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དང་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་མཉམ་དུ་འཚོལ་ཞིབ་བྱས་པའི་ཁྲིམས་སྐྱོང་བོད་སྐྱོར་གྱི་གྱོད་དཔེ《“རོགས་སྐྱོར་ཆུང་ངུས”ཁྲིམས་འཛིན་གྱི“དཀའ་གནད་ཆེན་པོ”བསལ་བ། ཟངས་རི་རྫོང་གི་ཁྲིམས་སྐྱོང་བོད་སྐྱོར་འཚོལ་ཞིབ་ཀྱི་དངོས་བྲིས》བདེ་བླག་ཚུད་པ་རེད།

    སྐབས་འདིའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་། རྒྱལ་ཡོངས་ཁྲིམས་སྐྱོང་གི་དོན་དངོས་ལས་སྒོའི་ལས་རིགས་དང་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ལྷན་དུ་འཛོམས་ནས་2026ལོའི་ཁྲིམས་སྐྱོང་གསར་གཏོད་ཀྱི་གྱོད་དཔེ་དང་། གསར་གཏོད་དཔྱད་རྩོམ། གསར་གཏོད་ཐོན་རྫས། ལོ་འཁོར་གྱི་མི་སྣ་བཅས་ཁག་4དཔྱད་འདེམས་ཀྱི་གྲུབ་འབྲས་གཅིག་སྡུད་ཁྱབ་བསྒྲགས་བྱས་པ་རེད། ཟངས་རི་རྫོང་གཡོད་དབྱང་ཁྲིམས་སྐྱོང་བོད་སྐྱོར་གྱི་གྱོད་དཔེ་དེ་སྒྲིག་འཛུགས་ཨུ་ལྷན་གྱིས་ཐོག་མའི་གདམ་གསེས་དང་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་སོགས་བྱས་རྗེས་རེ་ཞུ་བྱེད་མཁན་མང་པོའི་ཁྲོད་ནས་གཟེངས་སུ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།