ཉིང་ཁྲི་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྔོན་འགོག་ཚོད་འཛིན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་མེ་གསོད་དྲིལ་བསྒྲགས་ལ་དམ་འཛིན་ཏན་ཏིག་བྱས་པ།

འདི་ནི་དྲིལ་བསྒྲགས་པས་དྲ་མིག་པ་དང་དང་བླངས་པ་དང་མཉམ་དུ་མཛེས་ལྗོངས་ཁུལ་དུ་མེ་གསོད་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་དྲིལ་བསྒྲགས་པ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་བཞིན་པ།
སྟོན་དུས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འགོག་རགས་བརྟན་དུ་གཏོད་ཆེད། ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ནས། ཡུལ་དྲུག་ལ་མེ་གསོད་རྒྱུན་ཤེས་དྲིལ་བསྒྲགས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། གནས་མང་ཤུགས་འདོན་དང་ས་ཁོངས་ཧྲིལ་པོར་ཁྱབ་པ་བྱས་ནས། མེ་གསོད་ཤེས་བྱ་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་མེ་གསོད་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།