དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • དྲ་གྲོགས་ཀྱིས་ཐེར་འདོན་བྱས་པའི་གནས་ཚུལ་ལ་ཁྲིམས་ལྟར་ཆད་པ་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-15


    འདི་ནི་མི་དམངས་ཉེན་རྟོག་པས་ཁ་ལོ་བ་བསོད་ཆེ་གེ་མོར་ཆད་པ་གཅོད་བཞིན་པ།

    ཉེ་ཆར། དྲ་གྲོགས་ཤིག་གིས་འབྲེལ་ལམ་སྨྱན་སྦྱོར་ལས་སྟེགས་ཐོག་འཁོར་སྐྱོད་བརྙན་ཐུང་ཞིག་བཏང་སྟེ་འཕྲུལ་སྒུལ་འཁོར་རིགས་ཀྱིས་བཙན་ཤེད་ངང་འགྲོ་ལམ་བསྒྱུར་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་དམར་རྗེན་དུ་བཏོན་པ་དང་། བརྙན་ཐུང་ནང་གི་ཉེན་ཁ་ཆེ་བའི་རླངས་འཁོར་གཏོང་སྟངས་ལ་དྲ་གྲོགས་མི་ཉུང་བ་ཞིག་གིས་དོ་ཁུར་དང་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    དྲ་གྲོགས་ཀྱི་ཐེར་འདོན་འབྱོར་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱིས་ལམ་ངོས་ཀྱི་སྤྱི་པའི་གློག་མིག་གི་བརྙན་ཐུང་དང་དྲ་གྲོགས་ཀྱིས་མཁོ་འདོན་བྱས་པའི་འཁོར་སྐྱོད་བརྙན་ཐུང་ལ་བརྟེན་ནས། རླངས་འཁོར་དེའི་ཨང་རྟགས་དང་། འགྲོ་སྐྱོད་གནས་ཚུལ། ཁྲིམས་འགལ་དུས་ཚོད་དང་ས་གནས་སོགས་ཀྱི་འགག་རྩའི་ཆ་འཕྲིན་བསྡུར་བ་ཡང་ཡང་བྱས་ཏེ་ཁྲིམས་འགལ་གྱི་ཞིབ་ཕྲའི་གནས་ཚུལ་རེ་རེ་བཞིན་ལ་ཞིབ་དཔྱད་བྱས་པ་དང་། འབྲེལ་ཡོད་རླངས་འཁོར་དང་ཁ་ལོ་བའི་ཐོབ་ཐང་ཆ་འཕྲིན་གནད་སྨིན་གཏན་འཁེལ་བྱས་པ་མ་ཟད། འཕྲལ་མར་ཁ་ལོ་བ་དེར་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་ཉེས་ཆད་དང་ལེན་བྱེད་པར་ཡོང་དགོས་པའི་བརྡ་ཐོ་བཏང་བ་རེད།

    ཟླ་9ཚེས་9ཉིན་གྱི་སྔ་དྲོར། ཁ་ལོ་བ་བསོད་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་དུ་ཡོང་ནས་མི་དམངས་ཉེན་རྟོག་པས་བསྟན་པའི་འཁོར་སྐྱོད་བརྙན་ཐུང་གི་དཔང་རྟགས་ལ་བལྟས་རྗེས། རང་ཉིད་ཀྱིས་བཙན་ཤེད་ངང་འགྲོ་ལམ་བསྒྱུར་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་ཤིང་། སྐབས་དེ་དུས་བྲེལ་བ་ཆེ་བས་སྟེས་དབང་གི་བསམ་བློ་བཅངས་ནས་བཙན་ཤེད་ངང་འགྲོ་ལམ་བསྒྱུར་བ་ལས་འགྲིམ་འགྲུལ་ལས་འཛོལ་ཐོན་གྲབས་བྱས་པ་ཁས་བླངས་པ་རེད།

    དེ་རྗེས་མི་དམངས་ཉེན་རྟོག་པས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བསོད་ཆེ་གེ་མོར་དེ་མཚུངས་ཀྱི་ཆད་པ་བཅད་པ་དང་ཆབས་ཅིག་འགྲོ་ལམ་གང་བྱུང་སྒྱུར་བ་དང་བཙན་ཤེད་ཀྱིས་བར་དུ་འཚང་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་དེ་བཞིན་བཅའ་ཁྲིམས་ཀྱི་མཇུག་འབྲས་གསལ་བཤད་བྱས་ནས། ཁ་ལོ་བར་བསམ་བློའི་ཐོག་ནས་བདེ་འཇགས་ངང་རླངས་འཁོར་གཏོང་བའི་འདུ་ཤེས་འཛུགས་པ་དང་། རང་འགུལ་གྱིས་འགྲོ་ལམ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ། རླང་འཁོར་གཏོང་སྐབས་ཀྱི་གོམས་གཤིས་ངན་པ་དོར་བ་བཅས་ཐུབ་པར་བྱས་པ་རེད།

    གོམ་སྟབས་རྗེས་མར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ལམ་དུམ་དང་འཚང་ཁ་ཆེ་བའི་དུས་མཚམས་ཀྱི་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། གང་བྱུང་དུ་འགྲོ་ལམ་སྒྱུར་བ་དང་། སྒྲིག་འགལ་ངང་བར་དུ་འཚང་བ། གཏན་འབེབས་ལྟར་རླངས་འཁོར་མི་གཏོང་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྒྱུན་རྣམ་ཅན་གྱི་ཞིབ་བཤེར་ནན་པོ་བྱེད་པ་དང་ཆབས་ཅིག དྲ་རྒྱའི་ཐེར་འདོན་ཐབས་ལམ་ཤར་གཏོང་ཐུབ་པར་བྱེད་པ་དང་མཉམ་བཅོས་མཉམ་རོལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས། ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་སྟེ་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་གཏོང་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།