གཞིས་རྩེ་ཁྲིམས་ཁང་གིས་ལས་གྲྭའི་དངུལ་སྒོར་ཁྲི་84ལྷག་ཙམ་ལེན་རོགས་བྱས་པ།
ཉིན་ཤས་གོང་སྐྱེད་ཚལ་སྔོ་འགྱུར་ལས་གྲྭའི་ཁེ་ལས་ཤིག་གི་འགན་འཁུར་བས་གཞིས་རྩེའི་རིམ་གཉིས་ཁྲིམས་ཁང་གི་གྱོད་སྒྲུབ་ཁྲིམས་དཔོན་ལ་ཁ་པར་བརྒྱབ་ནས“འདྲི་གཅོད་གཉིས་པའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་ནས་ཟླ་ཕྱེད་ཡང་མ་སོང་བར་གྱོད་འབྲེལ་དངུལ་ཚང་མ་རག་བྱུང་། ཁྱེད་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་ཁྲིམས་ཁང་གིས་ནུས་ཆེ་དང་སེམས་རྩ་འཁོལ་བའི་ཁྲིམས་འཛིན་ཞབས་ཞུ་བསྒྲུབས་པར་ཐུགས་རྗེ་ཆེ་ཞུས་པ་རེད། དེ་གོང་གཞིས་རྩེའི་རིམ་གཉིས་ཁྲིམས་ཁང་གིས་མཐིལ་རྟོགས་རྣམ་པའི་གནད་སྨིན་ཞིབ་གཅོད་དང་གོང་འོག་མཉམ་འགུལ་གྱི་ནུས་ཆེའི་ལག་བསྟར་བྱས་པ་བརྒྱུད། དམངས་གཉེར་ཁེ་ལས་ཀྱི་འཛུགས་སྐྲུན་ལས་གྲྭའི་ཨར་ལས་གན་རྒྱ་དང་འབྲེལ་བ་ཡོད་པའི་རྩོད་གཞི་ཞིག་བདེ་བླག་ངང་ཐག་བཅད་དེ་ཁེ་ལས་ལ་ལས་གྲྭའི་འཕྲོ་དངུལ་སྒོར་ཁྲི་84ལྷག་ཙམ་བདེ་བླག་ངང་ལེན་རོགས་བྱས་ནས་དངོས་དངོས་རྗེན་རྗེན་གྱི་ཁྲིམས་འཛིན་བྱ་སྤྱོད་ཀྱིས“གྱོད་དོན་འདུམ་འགྲིག་ཡག་པོ་བྱེད་པ་དང་རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི”ལས་ཀའི་འདུ་ཤེས་ལག་ལེན་བསྟར་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་སྐྱོན་བྲལ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།
གྱོད་གཞི་དེའི་འབྱུང་རྐྱེན་འདི་ལྟ་སྟེ། 2023ལོར་སྐྱེད་ཚལ་སྔོ་འགྱུར་ལས་གྲྭའི་ཁེ་ལས་ཤིག་དངོས་སུ་ལས་ཀ་བྱེད་མཁན་ཡིན་པའི་ངོས་ནས་གཞིས་རྩེའི་སྔོ་འགྱུར་ལས་གྲྭ་ཞིག་གི་ཨར་སྐྲུན་གྱི་ལས་འགན་ལེགས་གྲུབ་བྱས་ཟིན་ཡང་། རང་ཉིད་ལ་ཐོབ་འོས་པའི་ལས་གྲྭའི་འཕྲོ་དངུལ་མ་རག་པར་ཡུན་རིང་སོང་སྟེ་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་མ་ཐུབ་པར་ཐོན་སྐྱེད་གཉེར་སྐྱོང་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།
གྱོད་གཞི་དེ་འདྲི་གཅོད་གཉིས་པའི་བརྒྱུད་རིམ་དུ་སླེབས་རྗེས་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད་གྱོད་གཞི་དེར་ཐག་གཅོད་ཀྱི་དཀའ་གནད་མང་པོ་ཡོད་པ་ཤེས་རྟོགས་བྱུང་བ་རེད། དེ་ཡང་གཅིག་ནས་ཁེ་ལས་དེ་དང་གན་རྒྱ་བཞག་པའི་མཉམ་འབྲེལ་སྒྲིག་གཞིའི་སྣེ་ཁྲིད་མཁན་ཡིན་པའི་ཀུང་སི་ཁ་པ་དེ་2025ལོའི་ཟླ་8པར་ཐོ་ཁོངས་ནས་སུབ་ཟིན་ཏེ་མ་རྩ་བརྡིབས་པའི་ཞིབ་རྩིས་ཀྱི་བརྒྱུད་རིམ་དུ་སླེབས་པ་དང་། གཉིས་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་ལས་གྲྭ་དེ་འགན་གཙང་སྤྲོད་ལེན་མང་པོ་བྱས་ཡོད་པ་དང་། ཕྱོགས་ཁག་གི་དོ་བདག་གི་བཅའ་ཁྲིམས་འབྲེལ་བ་རྙོག་འཛིང་ཆེ་བ། སྤྲོད་རྒྱུར་ལུས་པའི་ལས་གྲྭའི་གྲོན་དངུལ་གཏོང་སྤྲོད་ཀྱི་བྱེད་པོ་གཏན་འཁེལ་ཐད་རྩོད་གཞི་ཅུང་ཆེ་ཙམ་ཡོད་པ་རེད།
གྱོད་གཞི་རྙོག་འཛིང་ཆེ་བས་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མཐིལ་རྟོགས་རྣམ་པའི་འདྲི་གཅོད་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་གྱི་བཅའ་ཁྲིམས་འབྲེལ་བའི་འཆིང་རྒྱ་ལས་བསྒྲལ་ཏེ། གྱོད་གཞིའི་དོན་དངོས་ཚང་མར་ཞིབ་བཤེར་གཏིང་ཟབ་བྱས་ནས་ཕྱོགས་ཁག་གི་འགན་འཁྲི་གནད་ལ་འཁེལ་པོས་ཁ་གསལ་བཟོས་ཡོད། གྱོད་གཞི་དང་འབྲེལ་བ་ཡོད་པའི་ལས་གྲྭའི་མཉམ་འབྲེལ་སྒྲིག་གཞིའི་སྣེ་ཁྲིད་མཁན་དེ་ཀུང་སི་ཁ་པ་ནས་ཀུང་སི་ག་པར་འགྱུར་བ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་སྔོ་འགྱུར་ལས་གྲྭ་དེ་ཁེ་ལས་དེས་དངོས་སུ་ཨར་སྐྲུན་བྱས་ནས་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག ཁེ་དབང་དང་འོས་འགན་འདྲ་མཉམ་ཡིན་པའི་བཅའ་ཁྲིམས་ཀྱི་རྩ་དོན་ལ་ནན་པོ་གཞིགས་ནས། ཁྲིམས་ལྟར་དྲང་གཞག་གི་དཔྱད་གཅོད་བཏང་སྟེ་གྱོད་གཞི་དང་འབྲེལ་བ་ཡོད་པའི་ལས་གྲྭའི་འཕྲོ་དངུལ་ཀུང་སི་ག་པས་སྤྲོད་པའི་འགན་འཁྲི་ཁུར་དགོས་པ་ཁ་གསལ་བཟོས་ཡོད།
དཔྱད་གཅོད་ནུས་པ་ཐོན་རྗེས་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་མགྱོགས་མྱུར་མངོན་འགྱུར་ཐུབ་པར་འགན་ལེན་ཏན་ཏིག་བྱེད་པ་དང་ཁེ་ལས་ཡུན་རིང་པོ་ཁེ་དབང་སྲུང་སྐྱོང་གི་དཀའ་གནས་སུ་མི་གྱར་བའི་ཆེད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གིས་འཕྲལ་མར་ཁེ་ལས་དང་འབྲེལ་མཐུད་བྱས་ཏེ་རྒྱུ་ནོར་སྲུང་སྡོམ་གྱི་རེ་ཞུ་ཕུལ་བ་དང་། འཕྲལ་དུ་ལག་བསྟར་བྱེད་པའི་གོ་རིམ་སྤྱད་དེ་རིམ་གཉིས་ཁྲིམས་ཁང་གིས་མཐུན་སྦྱོར་ཤུགས་སྣོན་དང་ནུས་ཆེའི་སྐུལ་འདེད་བཏང་བས་ཟླ་ཕྱེད་ཀྱང་མ་འགོར་བར་གྱོད་འབྲེལ་དངུལ་སྒོར་ཁྲི་84ལྷག་ཙམ་ཚང་མ་རག་པ་མ་ཟད། ལམ་སེང་གྲངས་ཚང་ངང་རེ་ཞུ་བྱེད་མཁན་ཁེ་ལས་ལ་སྤྲད་ནས་ཁེ་ལས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་རྦད་དེ་ཐག་གཅོད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།