ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་འཛིན་སྲིད་དོན་སྒྲུབ་ནུས་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་གཉེར་བ།
ཉེ་ཆར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་སྲིད་དོན་སྒྲུབ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་ཉིང་ཁྲིའི་སློབ་ཁྲིད་ས་ཚིགས་སུ་གཉེར་བ་དང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁག་ནས་ཡོང་བའི་ཁྲིམས་འཛིན་སྲིད་དོན་སྒྲུབ་མཁན་གྱི་ལས་སྒོའི་རྐང་འཛིན་པ་30མཉམ་དུ་འཛོམས་ནས་གཅིག་སྡུད་སློབ་སྦྱོང་དང་འཇོན་ཐང་ཆེ་རུ་བཏང་བ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང་ཁྲིམས་འཛིན་སྲིད་དོན་གྱི་ལྟེ་བའི་འགན་ནུས་ལ་དམ་པོར་གཞིགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དངོས་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་མིག་སྔའི་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་སྲིད་དོན་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་གསོ་སྦྱོང་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་ཡོད།
སློབ་ཁྲིད་བྱེད་མཁན་རིགས་གཅིག་མཁས་ཅན་གྱིས་རང་ངོས་ཀྱི་ལོ་མང་རིང་གི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་དང་། གྱོད་དཔེར་དབྱེ་ཞིབ། མཉམ་འགུལ་སྤེལ་རེས་སོགས་སྣ་མང་ཅན་གྱི་སློབ་ཁྲིད་བྱེད་སྟངས་བརྒྱུད་སློབ་གཉེར་བ་ཚོར་ནང་དོན་ཕུན་སུམ་ཚོགས་པ་དང་དངོས་སྒྲུབ་གོ་ཆོད་ཀྱི་ཤེས་བྱ་འཆད་ཁྲིད་བྱས་པ་རེད།
གསོ་སྦྱོང་ནང་ཞུགས་མཁན་སློབ་གཉེར་བ་ཚོས། ད་ཐེངས་ཀྱི་གསོ་སྦྱོང་སློབ་ཚན་གྱི་འདུ་ཤེས་སྔོན་ཐོན་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དངོས་སྒྲུབ་གནད་ལ་སྨིན་པ་བཅས་ཡོད་པས་ཚང་མས་གཞུང་ཡིག་གི་རྣམ་གཞག་ཚད་ལྡན་དུ་གཏོང་བར་བརྒྱུད་རིམ་ལྡན་པའི་ངང་སྟངས་འཛིན་ཐུབ་པ་དང་། ཆ་འཕྲིན་གནད་བསྡུས“གྲངས་གཞིའི་ཐོག་ནས་སྐད་ཆ་ཤོད་པ་དང་དཔེ་མཚོན་ལ་བརྟེན་ནས་བདེན་དཔང་བྱེད་པའི”འདུ་ཤེས་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ། ཚོགས་འདུ་དང་འབྲེལ་བའི་ལས་ཀའི་ཚད་ལྡན་ཅན་གྱི་བརྒྱུད་རིམ་ལ་ངོས་འཛིན་གསལ་པོ་ཐུབ་པ་བཅས་བྱུང་ཞེས་མགྲིན་གཅིག་ཏུ་བརྗོད།
འབྲེལ་ཡོད་གསར་འགྱུར།