ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འཁོར་བྱང་མེད་པའི་སྤྱི་སྤྱོད་གློག་སྒུལ་རྐང་འཁོར་ལ་ཆེད་དོན་བཅོས་སྒྲིག་བྱས་པ།

འདི་ནི་མཉམ་འབྲེལ་ཁྲིམས་འཛིན་རུ་ཁག་གིས་སྤྱི་སྤྱོད་གློག་སྒུལ་རྐང་འཁོར་བཞོན་མཁན་ལ་བདེ་འཇགས་རྨོག་ཞྭ་གྱོན་དགོས་པའི་དྲན་སྐུལ་བྱེད་བཞིན་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། འཁོར་བྱང་མེད་པའི་སྤྱི་སྤྱོད་གློག་སྒུལ་རྐང་འཁོར་ལ་ཆེད་དོན་བཅོས་སྒྲིག་དང་ནུས་ཤུགས་ཡོད་རྒུས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་བསྲུངས་པ་རེད།
འབྲེལ་ཡོད་གསར་འགྱུར།