ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གཞིས་རྩེ་རུ་ཆེན་གྱིས་ཆེད་དོན་སློབ་ཁྲིད་བྱས་པ།
ཉེ་ཆར། ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གཞིས་རྩེ་རུ་ཆེན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་དང་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བ་ཉི་མ་ཚེ་རིང་དམག་སྒར་དུ་གདན་དྲངས་ནས་ཆེད་དོན་སྒྲོག་འགྲེལ་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
སྒྲོག་འགྲེལ་བྱ་ཡུལ་དུ་ཉི་མ་ཚེ་རིང་གིས་རང་ཉིད་གཞི་རིམ་དུ་ལོ་མང་ལས་ཀ་བྱས་པའི་ཉམས་མྱོང་དང་། ཉེ་འགྲམ་གྱི་གསོན་ཉམས་དོད་པའི་འགྱུར་ལྡོག དངོས་ཡོད་ཀྱི་དཔེ་མཚོན་གྱོད་དཔེ་བཅས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་གོ་བདེ་ཤེས་སླའི་ངང་གསལ་འགྲེལ་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཆེད་དོན་སློབ་ཁྲིད་དང་ས་ཡུལ་དངོས་ཀྱི་ཞིབ་སྦྱོང་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ཅན་གྱི་སློབ་གསོ་གཏོང་སྟངས་སྤྱད་པ་དང་། སྲོལ་རྒྱུན་གྱི་སློབ་ཁང་ནང་སློབ་ཚན་ཁྲིད་པའི་རྣམ་པ་འདོར་ཏེ་ཉེ་འགྲམ་གྱི་མིག་དཔེ་ཚད་གཞིར་འཛིན་པ་དང་དངོས་སྦྱོང་སློབ་ཁྲིད་ཀྱིས་ཚོར་སྣང་ཟབ་ཏུ་བཏང་ནས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་བས་གསོན་ཉམས་དོད་པ་དང་། གཏིང་ཟབ་པ། མི་སེམས་ལ་ཟུག་པ་བཅས་ཡོང་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།