མཉམ་དུ་དྲག་རྩལ་འགྲན་ནས་དམག་མིའི་དཔའ་ཉམས་མངོན་པ།
——བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ གིས་དམག་ཡོངས་ཀྱི་དྲག་རྩལ་འགྲན་བསྡུར་སྒྲིག་འཛུཌ་བྱས་ནས་དཔོན་དམག་ཚོའི་དམག་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱས་པ།

འདི་ནི་དམག་མི་ཚོས་བྱེས་བགྲོད་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར། མེ་རྫས་ཀྱི་དུ་ཞག་འཁྲིགས་ནས་དམག་སྦྱོང་གི་རྣམ་པ་ཟབ་མོ་མངོན་པའི་བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་བཅའ་སྡོད་ཀྱི་སྦྱོང་བརྡར་བྱ་ཡུལ་ཞིག་ཏུ་གཞི་རྩའི་རྩལ་ནུས་དང་དངོས་འཐབ་ནུས་པར་དམིགས་པའི་དམག་ཡོངས་ཀྱི་དྲག་རྩལ་འགྲན་བསྡུར་ཞིག་ཛ་དྲག་ངང་བྱས་ཡོད། དམག་སྒར་ཡོངས་ཀྱི་དཔོན་དམག་ཚོས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་དམག་སར་བསྐྱོད་དེ་རྐྱང་གདང་རྩེ་བ་དང་སྒྲིག་གཞི་ཚང་བའི་བརྒྱ་ཤོག་གིས་རང་ལུས་ལ་དྲག་ཆས་སྤྲས་ནས་སྤྱི་ལེ་5ཡི་བྱེས་བགྲོད་འགྲན་བསྡུར་དྲག་པོ་བྱས་མཐར། དུས་མཚམས་རང་བཞིན་གྱི་སྦྱོང་བརྡར་གྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་ཐུབ་ནས་རེས་སྐོར་གསར་པའི་དམག་སྦྱོང་དམག་གྲབས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད།
དྲག་རྩལ་འགྲན་བསྡུར་མཇུག་འགྲིལ་རྗེས། དམག་སྒར་དེའི་ཏང་ཨུད་ཀྱིས་དུས་ཐོག་ཏུ་བསྐྱར་དུ་ཕྱོགས་སྡོམ་གྱིས་མངོན་གསལ་དོད་པའི་ཞན་ཆར་དམིགས་ཏེ། དམིགས་སའི་རང་བཞིན་གྱི་སྒོ་ནས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པའི་འཆར་གཞི་བཟོས་པའི་ཐོག ད་ཐེངས་ཀྱི་དྲག་རྩལ་འགྲན་བསྡུར་གོ་སྐབས་སུ་བྱས་ཏེ་སྦྱོང་བརྡར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་གྱི་སྤུས་ཚད་དང་ཕན་འབྲས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དཔོན་དམག་གི་སྦྱོང་བརྡར་གྱི་སྤྲོ་སེམས་འཕེལ་བ་བཅས་བྱས་པ་དང་སྦྲགས། འགྲན་སློབ་སྙེག་བརྒལ་རོགས་ཀྱི་རྣམ་པའི་ཁྲོད་རྒྱལ་ཁ་ལེན་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།