དངོས་འཐབ་ལ་བརྟེན་ནས་ཉམས་སད་ཐེག་ཐུབ་པའི་ནུས་རྩལ་སྦྱོང་བ།
——བོད་དམག་ཁུལ་ཁང་དཔུང་སྡེ་ཞིག་གིས་དམག་ཡོངས་ཀྱི་དམག་སྦྱོང་དྲག་རྩལ་འགྲན་བསྡུར་བྱས་པ།

འདི་ནི་དཔོན་དམག་གིས་མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་བཞིན་པ།

འདི་ནི་དཔོན་དམག་གིས་རྨས་མ་སྐྱོབ་བཅོས་ཀྱི་འགྲན་བསྡུར་བྱེད་བཞིན་ཡོད་པ།

འདི་ནི་དཔོན་དམག་གིས་ཚ་ཁ་ལྟ་བཞིན་པ།

འདི་ནི་དཔོན་དམག་ཚོས་གཡོས་སྦྱོར་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར། བོད་དམག་ཁུལ་ཁང་དཔུང་སྡེ་ཞིག་གི་སྦྱོང་བརྡར་བྱ་ཡུལ་དུ་དམག་དར་ལྷབ་ལྷུབ་ཏུ་གཡོ་བཞིན་དམག་ཡོངས་ཀྱི་དམག་སྦྱོང་དྲག་རྩལ་འགྲན་བསྡུར་ཞིག་དངོས་སུ་འགོ་ཚུགས་ཤིང་། དཔོན་དམག་བརྒྱ་ཕྲག་ཁ་ཤས་ཀྱིས་སྙིང་སྟོབས་རབ་འཕེལ་དང་དཔའ་ངར་ཆེར་སྐྱེད་ཀྱིས་རིགས་ཆེན་པོ་4ཡི་དངོས་འཐབ་ཅན་གྱི་སློབ་ཚན་21ལ་དམིགས་ནས་འགྲན་བསྡུར་དྲག་པོ་བྱས་པ་རེད།
ད་ཐེངས་ཀྱི་དམག་ཡོངས་ཀྱི་དམག་སྦྱོང་དྲག་རྩལ་འགྲན་བསྡུར་ནང“རྩེར་སོན་ཉུང་ཤས་ཀྱིས་དྲག་རྩལ་འགྲན་བསྡུར་བྱེད་པ་དང་དཔོན་དམག་མང་ཆེ་བས་ཟུར་ནས་ལྟ་བའི”བྱེད་སྟངས་དོར་ནས་ཚན་པས་འོས་སྦྱོར་བྱེད་པ་དང་སྐབས་བསྟུན་འདེམས་པ་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་འགྲན་བསྡུར་ལ་ཞུགས་མཁན་གཏན་འཁེལ་བྱས་ཏེ། ལས་གནས་དང་རིམ་པ་ཚང་མར་ཁྱབ་པར་བྱས་ཡོད། ལས་ཁུངས་ཀྱི་ལས་བྱེད་པ་ནས་གཞི་རིམ་གྱི་འཐབ་འཛིང་པ་བར་དང་། དམག་འཐབ་ལས་གནས་ནས་འགན་ལེན་འཐབ་ཕྱོགས་དང་པོའི་བར་ཚང་མ་འགྲན་བསྡུར་ལ་ཞུགས་མཁན་གྱི་བདམས་ཐོན་པ་ཡིན་པ་དང་། ཚང་མ་སྦྱོང་བརྡར་བྱེད་མཁན་གཙོ་བོ་ཡིན་པས། དམག་སྦྱོང་དྲག་རྩལ་འགྲན་བསྡུར་དེ་ཉིད་དཔོན་དམག་ཡོངས་ཀྱི“ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན”ཞིག་ཏུ་དངོས་འབྲེལ་གྱུར་བར་བྱས་ཡོད།
ཉིན་ཁ་ཤས་རིང་གི་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། ད་ཐེངས་ཀྱི་དམག་ཡོངས་ཀྱི་དམག་སྦྱོང་དྲག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོས་མཇུག་འགྲིལ་ཞིང་། བྱེད་སྒོའི་ནང་མི་སྒེར་གྱི་རྣམ་གྲངས་རྐྱང་པའི་བྱ་དགའ་ཁྱོན་27དང་ཚོགས་པའི་བྱ་དགའ་5ཐོན་པ་དང་། སྦྱོང་བརྡར་གྱི་ཟིན་ཐོ་2གསར་དུ་བཏོད་ཡོད་པ་མ་ཟད། སྦྱོང་བརྡར་གྱི་རྩེར་སོན་དང་སྔོན་ཐོན་མཉམ་སྡེབ་ཁག་གཅིག་འབུར་དུ་ཐོན་ནས་དཔོན་དམག་ཉེ་འགྲམ་དུ་མཐོང་ཐུབ་པ་དང་སློབ་སྦྱོང་ཐུབ་པའི་མིག་དཔེར་གྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།