པར་རིས་གསར་འགྱུར།

མཚན་མོའི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་ནུས་ཤུགས་ཡོད་རྒུས་འགོག་སེལ་དང་། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་རིགས་ཁག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། མང་ཚོགས་མཚན་མོ་ཕྱིར་སྐྱོད་ཀྱི་བདེ་འཇགས་ཡག་པོ་སྲུང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་དོ་དམ་ཡན་ལག་རུ་ཁག་གིས་མཚན་མོར་ར་བཟི་འཁོར་གཏོང་བཤེར་བའི་བྱ་སྤྱོད་སྤེལ་ནས། ཁོངས་གཏོགས་ཁུལ་གྱི་མཚན་མོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཧུར་ཐག་བཏང་ཞིང་། འདི་ནི་ཉེ་ཆར་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་མཚན་མོར་ར་བཟི་འཁོར་གཏོང་བཤེར་བའི་བྱ་སྤྱོད་སྤེལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།