དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གམ་པ་རྫོང་མི་དམངས་ཁྲིམས་ཁང་གིས་སྐད་གཉིས་ཞབས་ཞུར་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     རྩོམ་པ་པོ།  དཔལ་མཆོག ཚེ་ཁོ། སྤེན་པ། ཉི་མ་ཚེ་རིང་།   |     སྤེལ་དུས།  2026-08-12

    གཞིས་ཀ་རྩེ་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་སྟེ་གམ་པ་རྫོང་མི་དམངས་ཁྲིམས་ཁང་གིས་གཟི་བརྗིད་མཚན་སྙན་དེ་སྐུལ་ལྕག་ཏུ་འཛིན་པ་དང་དེ་བས་གཞི་རིམ་ཁྲིམས་ཁང་གི་འགན་འཁྲི་ལྗིད་པོ་འཁུར་བའི་སྒུལ་ཤུགས་སུ་བྱེད་ཀྱི་ཡོད་པ་རེད།

    ཧི་མ་ལ་ཡའི་འདབས་རོལ་དང་རྒྱལ་ཁབ་གསུམ་གྱི་ས་འབྲེལ་མཐའ་མཚམས་སུ་གནས་པའི་གམ་པ་རྫོང་མི་དམངས་ཁྲིམས་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དེ་གྱོད་གཞི་རེ་རེ་དང་ཁྲིམས་འཛིན་ཞབས་ཞུ་རེ་རེའི་ཁྲོད་ནས་དོན་ཐོག་ཏུ་འཁྱོལ་བ་བྱས་དང་བྱེད་བཞིན་ཡོད། ཁྲིམས་ཁང་དེས་མི་རིགས་ཁག་གི་མང་ཚོགས་ལ་ལྟ་སྟངས་གཅིག་པ་འཛིན་པ་དང་། བོད་རྒྱ་སྐད་ཡིག་གཉིས་ཀྱི་གཏུག་བཤེར་ཞབས་ཞུ་ཡག་པོ་སྒྲུབ་པ། འདུམ་འགྲིག་པ་ཆེད་མངགས་གདན་དྲངས་པ། སྐོར་སྐྱོད་ཁྲིམས་རའི་ནུས་པ་འདོན་པ་བཅས་བྱས་ཏེ་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་བསལ་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་ཧུར་ཐག་གཏོང་བཞིན་ཡོད་པ་རེད། 

    ཁྲིམས་ཁང་གི་ཁྲིམས་དཔོན་ཚེ་རྡོར་གྱིས། ཕྱིས་སུ་རྫོང་མི་དམངས་ཁྲིམས་ཁང་གིས་གཟི་བརྗིད་མཚན་སྙན་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དེ་འདྲི་གཅོད་ལག་བསྟར་དང་། གཏུག་བཤེར་གྱི་འབྱུང་རྩ་བཅོས་སྐྱོང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པའི་གཟི་བརྗིད་མཚན་སྙན་བརྩོན་ལེན་ཧུར་ཐག་བྱས་ཏེ། ཁྲིམས་འཛིན་གྱི་སྟོབས་ཤུགས་ལ་བརྟེན་ནས་མཐའ་མཚམས་ཞི་མཐུན་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་གམ་པ་རྫོང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ཁང་གི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།