ཉིང་ཁྲིའི་མེ་གསོད་རྫ་ཡུལ་རུ་ཆེན་གྱིས་འབྲུབ་དུས་ཀྱི་བདེ་འཇགས་འགོག་རགས་བརྟན་པོ་བསྐྲུན་པ།

འདི་ནི་མེ་གསོད་རོགས་སྐྱོབ་མི་སྣས་ཆུ་ཁ་མཐོ་དམན་ལ་ལྟ་ཞིབ་བྱེད་པ།

འདི་ནི་མེ་གསོད་རོགས་སྐྱོབ་མི་སྣས་རླངས་འཁོར་ལ་ཞིབ་བཤེར་བྱེད་པ།
དུས་ཚིགས་ཀྱི་གནོད་འཚེའི་ཆོས་ཉིད་དང་ཡུལ་དེ་གའི་འབྲུབ་དུས་དང་ཟུང་འབྲེལ་བྱས་ཏེ། ཉེ་ཆར་ཉིང་ཁྲིའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་རྫ་ཡུལ་རུ་ཆེན་གྱིས་དུས་ཐོག་ཏུ་ལས་སྒྲུབ་ཀྱི་གཙོ་གནད་ལེགས་སྒྲིག་བྱས་ཤིང་། ནགས་ཚལ་གྱི་མེ་ཟོན་དང་མེ་གསོད་ལ་རྒྱུན་མཐུད་དམ་འཛིན་དང་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཕྱོགས་ཡོངས་ནས་འབྲུབ་འགོག་ཉེན་སེལ་གྱི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། འབྲུབ་འགོག་དང་མེ་ཟོན་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཤར་རྒྱུད་ཀྱི་ལུང་གཞུང་གི་འབྲུབ་དུས་ཀྱི་བདེ་འཇགས་མཐའ་ཚད་ནུས་ཤུགས་ཡོད་རྒུས་བརྟན་པོ་བསྐྲུན་པ་རེད།
རུ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ“མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ”རྒྱུན་འཁྱོངས་བྱས་ཏེ་སྔོན་ཚུད་ནས་ཇུས་འགོད་བཀོད་སྒྲིག་དང་སྔོན་ལ་དོགས་ཟོན་བྱེད་ཐབས་སྤྱད་ཅིང་། གྲོག་རོང་གི་གནོད་འཚེ་དང་ཟུང་འབྲེལ་གྱིས་ཆར་ཆུ་དང་ཉེན་ཁའི་གནས་ཚུལ་ལ་གནད་སྨིན་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། འབྲུབ་འགོག་ཉེན་སེལ་གྱི་འཕྲལ་སྡོམ་སྔོན་ཇུས་རྒྱུན་མཐུད་ལེགས་སུ་གཏོང་བ། ལས་འགན་ལས་བགོས་ཞིབ་ཕྲ་བཟོ་བ། ཆུ་ཚོད་24རིང་གི་ལས་རེས་འགན་འཁྲི་བརྟན་པོ་བཟོ་བ། དམག་གྲབས་ཀྱི་གཙོ་གནད་བརྟན་པོ་བསྒྱུར་བ་བཅས་བྱས་ཏེ་འབྲུབ་དུས་ཀྱི་གྲ་སྒྲིག་ལས་དོན་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།
མིག་སྔའི་རྫ་ཡུལ་ནི་འབྲུབ་དུས་ཀྱི་འགག་རྩའི་འགོག་སྲུང་དུས་མཚམས་སུ་སླེབས་ཡོད། གོམ་སྟབས་རྗེས་མར་ཉིང་ཁྲིའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་རྫ་ཡུལ་རུ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་གྱི་གནས་སྟངས་རྒྱུན་འཁྱོངས་བྱས་ཏེ། ཆར་ཆུའི་གནས་ཚུལ་གྱི་འགྱུར་ལྡོག་ལ་རྗེས་སྙེག་དམ་ཟབ་བྱེད་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་། སྔོན་ལ་གྲ་སྒྲིག དངོས་འཐབ་དམག་སྦྱོང་། མཐུན་སྦྱོར་སྔོན་འགོག་ཚོད་འཛིན་སོགས་ཀྱི་གཙོ་གནད་ལས་དོན་ལ་རྒྱུན་མཐུད་དམ་འཛིན་བྱས་ནས་འབྲུབ་འགོག་ཉེན་སེལ་གྱི་འཐབ་ས་དང་པོ་བརྟན་སྲུང་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པའི་ཁར། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་བོད་ཤར་ལུང་གཞུང་གི་འབྲུབ་དུས་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།