བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་2026ལོའི་ལོ་འཁོར་གྱི་རྐང་འཛིན་ཁ་ལོ་བར་གཅིག་སྡུད་སྦྱོང་བརྡར་བྱས་པ།

འདི་ནི་དཔོན་དམག་ཚོས་རྐང་འཛིན་ཁ་ལོ་བའི་གཅིག་སྡུད་གསོ་སྦྱོང་ནང་ཞུགས་བཞིན་པ།
ཁ་ལོ་བའི་ཆེད་ལས་ཀྱི་རྩལ་ནུས་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ས་མཐོའི་རྙོག་འཛིང་ཆེ་བའི་ཁོར་ཡུག་གི་སྐྱེལ་འདྲེན་འགན་སྲུང་ནུས་པ་སྦྱོང་བརྡར་བྱ་ཆེད། ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དངོས་འཐབ་ཀྱི་ཚད་གཞི་དང་ལས་འགན་གྱི་དགོས་མཁོར་དམ་པོར་དམིགས་ཏེ། 2026ལོའི་ལོ་འཁོར་གྱི་རྐང་འཛིན་ཁ་ལོ་བར་གཅིག་སྡུད་སྦྱོང་བརྡར་བྱས་པ་རེད།
གཅིག་སྡུད་སྦྱོང་བརྡར་རིང་རིམ་དབྱེ་རིགས་དབྱེའི་སྦྱོང་བརྡར་སྒྲིག་འཛུགས་བྱ་ཐབས་སྤྱད་དེ་སྦྱོང་བརྡར་གྱི་གོ་རིམ་དང་སློབ་ཁྲིད་ཀྱི་གཙོ་གནད་དེབ་བཟོས་ཏེ་ཁྱད་པར་ཅན་གྱི་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་བྱས་པ་དང་ཆབས་ཅིག་ཚན་པས་ས་མཐོའི་ཁྱད་ཆོས་ལ་དམ་པོར་དམིགས་ནས་ཁུག་ཆ་མང་པོ་སྐོར་བ་དང་། བྱེ་རྡོའི་ལམ་གྱི་གྱེན་འཛེག་པ། འགོག་རྐྱེན་སེལ་བ། རང་སྐྱོབ་ཉམས་བཟོ་སོགས་ཀྱི་རྣམ་གྲངས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁ་ལོ་བ་ཚང་མས་འཁོར་ལོ་མགྱོགས་པོ་བསྒར་བ་དང་། རླངས་འཁོར་གྱི་དྲོད་ཚད་གཅོག་པ། ཉེན་གྱར་རླངས་འཁོར་གྱི་རང་སྐྱོབ་བྱེད་སྟངས་བཅས་ཀྱི་གོ་རིམ་ཆ་ཚང་ཁོང་དུ་ཆུད་པར་བྱས་ཡོད་པ་རེད།
ད་ཐེངས་ཀྱི་གཅིག་སྡུད་སྦྱོང་བརྡར་ནི་ཁ་ལོ་བའི་རྩལ་ནུས་ལ་ཕྱོགས་ཡོངས་ནས་སྦྱོང་བརྡར་བྱེད་པ་ཞིག་ཡིན་ལ། ས་མཐོའི་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་དངོས་འཐབ་ཅན་གྱི་སྐྱེལ་འདྲེན་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།