དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་དམག་ཁུལ་ཁང་གི་རིག་རྩལ་རྟ་དམག་རུ་ཁག་གིས་འཐབ་ས་དང་པོར་འཚམས་འདྲིའི་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-11

    དཔུང་སྡེའི་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་དཔོན་དམག་ཚོའི་དམག་སྦྱོང་གི་སྤྲོ་སེམས་སྔར་བས་འཕེལ་བར་བྱ་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་རིག་རྩལ་ཚོགས་པའི་རིག་རྩལ་རྟ་དམག་རུ་ཁག་གིས་ནང་སྦྱོང་གི་འཐབ་ས་དང་པོར་བསྐྱོད་ནས“དམག་དཔུང་སྟོབས་ཆེའི་དགོངས་པ་སློབ་སྦྱོང་ཡག་པོ་བྱས་ནས་ཆབ་སྲིད་དག་ཐེར་སྦྱོང་བརྡར་ཟབ་ཏུ་གཏོང་བའི”བརྗོད་དོན་གཙོ་བོའི་འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད།

    འཁྲབ་སྟོན་གྱི་མགོ་ནས་མཇུག་བར་དམག་དཔུང་སྟོབས་ཆེའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ནང་དོན་ཕུན་སུམ་ཚོགས་པའི་རིག་རྩལ་བརྩམས་ཆོས་ལ་བརྟེན་ནས་དམག་སེམས་དང་དམག་མིའི་ངར་ཤུགས་འཕེལ་བ་དང་གཞོན་ནུའི་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་བཏང་ཞིང་། དཔོན་དམག་ཚོས། སེམས་འགུལ་དང་སྐུལ་ལྕག་དེ་ཉིད་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་གྲ་སྒྲིག་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ཏེ། དཔའ་ངར་ཆེ་སྐྱེད་ཀྱིས་དམག་དཔུང་སྟོབས་ཆེ་དང་དར་རྒྱས་གཏོང་བའི་དུས་རབས་གསར་པའི་ཕུལ་བྱུང་གི་རྒྱུགས་ལེན་ཞིག་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།