འཕྱོངས་རྒྱས་རྫོང་དཔལ་རི་སྡེ་ཁུལ་གྱིས“ཁྲིམས་སྐྱོང་མཚན་མོའི་སློབ་གྲྭ”གཉེར་བ།
དུས་བདེ་འཛུགས་སྐྱོང་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་གྱི“མཐའ་མའི་འགག་གནད”ཏན་ཏིག་སེལ་བ། སྡེ་ཁུལ་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད། འཕྱོངས་རྒྱས་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་གྲོང་སྡོད་མངག་གཏོང་ཚན་པ་ཞིག་ཡིན་པའི་ངོས་ནས་མཛུབ་ཁྲིད་རོགས་སྐྱོར་གྱི་འགན་འཁྲི་ཏན་ཏིག་ཁུར་ཞིང་། ཉེ་དུས་དཔལ་རི་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་དང་དེ་བཞིན་སྡེ་ཁུལ་གྱི་གྲོང་ལྷན་དང་མཉམ་འབྲེལ་གྱིས“ཁྲིམས་སྐྱོང་མཚན་མོའི་སློབ་གྲྭ”གཉེར་བ་དང་། དེའི་དམིགས་ཡུལ་ནི“མང་ཚོགས་དང་འབྲེལ་འདྲིས་དང་། མི་སེམས་གཅིག་སྒྲིལ། སྐྱེ་སྟོབས་ཀྱི་དཔལ་འབར་བ”བཅས་ཀྱི་མཚན་མོའི་སློབ་ཚན་བརྒྱུད་བཅའ་ཁྲིམས་ཀྱི་ཤེས་བྱ་མང་ཚོགས་ཀྱི་སྒོ་རྩར་ཁྱབ་པར་བྱ་རྒྱུ་དེ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། “ཁྲིམས་སྐྱོང་མཚན་མོའི་སློབ་གྲྭ”རྒྱུན་མཐུད་ཟླ་བ་བཞི་གཉེར་རྒྱུ་དང་ཟླ་རེའི་རེས་གཟའ་མིག་དམར་དང་ཕུར་བུའི་དགོང་མོར་དུས་བཀག་ལྟར་སློབ་ཚན་འགོ་འཛུགས་རྒྱུ་རེད། སློབ་ཚན་གྱི་ནང་དོན་དེ་མང་ཚོགས་ཀྱི་འཚོ་བ་དང་དམ་པོར་འབྲེལ་ཞིང་། གཙོ་བོ་གཉེན་སྒྲིག་དང་ཁྱིམ་ཚང་དང་། ཁྱིམ་མཚེས་དབར་གྱི་རྩོད་གཞི། དམངས་ཁྲོད་ཀྱི་བུན་གཏོང་། རྒན་རྒོན་ལ་ཁ་བསླུས་ཕོག་པ་སྔོན་འགོག ངལ་རྩོལ་གྱི་ཁེ་དབང་སྲུང་སྐྱོང་སོགས་གླེང་མང་བའི་གནད་དོན་ལ་གཞིགས་ནས“གྱོད་དཔེས་ཁྲིམས་འགྲེལ”དང་། ཡུལ་རྣམ་ལད་མོ། མཉམ་འགུལ་ལན་འདེབས་སོགས་གོ་བདེ་ཤེས་སླའི་སྒོ་ནས་འགྲེལ་བཤད་གནད་སྨིན་བརྒྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།